ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

བལ་ཡུལ་ལ་རོགས་རམ་གྱི་དགོས་མཁོ་ཇི་ཡོད་རྟོག་ཞིབ་བྱེད་མཁན་རུ་ཁག་ཆེད་གཏོང་བྱ་རྒྱུར་གྲ་སྒྲིག་ཡིན་པ།


རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས། བལ་ཡུལ་གྱི་ནང་། ས་འགུལ་ཚབས་ ཆེན་ཞིག་བྱུང་བའི་རྐྱེན་གྱིས མི་གྲངས་ཉིས་སྟོང་བཞི་བརྒྱ་ལྷག་ལ་སྲོག་སྐྱོན་བྱུང་སྟེ། རྒྱལ་སའི་ལུང་གཤོངས་ཀྱི་ནང་། གནོད་ཚབས་ཆེན་པོ་ཞིག་བྱུང་བར་ བརྟེན། ཡུལ་དེར་དཔལ་འབྱོར་གྱི་རོགས་རམ་ཇི་ཙམ་གྱི་དགོས་གལ་ཡོད་པ་ རྟོག་ཞིབ་བྱེད་མཁན་རུ་ཁག་གཅིག་ཆེད་གཏོང་བྱ་རྒྱུར་གྲ་སྒྲིག་ཡིན་ལུགས་རེས་གཟའ་ཉི་མའི་ཉིན་བརྗོད་ཡོད་པ་རེད། དེ་ཡང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་འཛིན་སྐྱོང་གཙོ་འཛིན་ Christine Lagarde ཡིས་སྤེལ་བའི་སྤྱི་བསྒྲགས་ཤིག་གི་ནང་། ཐེབས་རྩ་ཁང་འདིས། ས་འགུལ་གྱི་ གནོད་ཚབས་ཀྱིས་རྐྱེན་པས། བལ་ཡུལ་གཞུང་ལ། དཔལ་འབྱོར་གྱི་རོགས་རམ་ མཁོ་གལ་ཇི་ཙམ་ཡོད་པ་ཤེས་རྟོགས་ཐུབ་རྒྱུའི་ཆེད་དུ། བལ་ཡུལ་ལ་རྟོག་ཞིབ་རུ་ཁག་ གཅིག་ཆེད་གཏོང་བྱ་རྒྱུར་གྲ་སྒྲིག་ཨང་སར་ཡིན་ཞེས་འཁོད་ཡོད་པ་རེད།

XS
SM
MD
LG