ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་དུ་ས་ཡོམ་འགུལ་ཚད་༧་༨བརྒྱབ་ནས་མི་བརྒྱ་ཕྲག་མང་པོར་སྲོག་སྐྱོན་བྱུང་བ།


བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་ནས་རྒྱང་ཐག་ཀེ་ལོ་མེ་ཁྲར་བརྒྱད་བཅུ་གྱ་གཅིག་ཙམ་གྱི་སར་ཡོད་པའི་ས་ཁུལ་ཞིག་ཏུ་ཚེས་༢༥དང་རེས་གཟའ་སྤེན་པའི་ཉིན་ས་ཡོམ་འགུལ་ཚད་༧་༨ བརྒྱབ་སྟེ་མི་བརྒྱ་ཕྲག་མང་པོར་སྲོག་སྐྱོན་དང་རྒྱུ་དངོས་ལ་གཏེར་བཤིག་ཚབས་ཆེན་བྱུང་ཡོད་པ་མ་ཟད། ས་ཡོམ་གྱི་རྐྱེན་པས་བལ་ཡུལ་གྱི་རྒྱལ་སའི་ནང་ཡོད་པའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་དབུ་རྩེ་ལ་ཡང་སེར་ཁ་གས་ཡོད་འདུག ཡིན་ན་ཡང་བལ་ཡུལ་ནང་ཡོད་པའི་བོད་མིར་ས་ཡོམ་གྱི་གནོད་འཚེ་ཇི་བྱུང་ཁ་གསལ་མི་འདུག རྒྱ་ནག་གཞུང་ཕྱོགས་ཀྱི་ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་གཞིས་རྩེ་ས་གནས་ཁོངས་ཀྱི་རྫོང་ཁག་ཅིག་ནང་ས་ཡོམ་གྱི་གནོད་འཚེ་བྱུང་ནས་ད་ལྟ་བར་མི་༡༨ འདས་གྲོངས་སུ་སོང་བ་དང་མི་མང་པོར་རྨས་སྐྱོན་བྱུང་ཡོད་པ་བརྗོད་འདུག འབྲེལ་ཡོད་བལ་ཡུལ་གྱི་ས་ཡོམ་སྐོར་གྱི་གནས་ཚུལ་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG