ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བཙན་ཉར་འོག་ཏུ་ཚུད་པ་རྣམས་རྩད་གཅོད་དཀའ་བ།


ཨ་མི་རི་ཀའི་ཁ་ལོ་བ་མེད་པའི་གནམ་གྲུ་ཞིག་གིས་པ་ཀི་སི་ཐན་དང་ཨབ་གྷ་ཎི་སི་ཐན་གྱི་མཐའ་མཚམས་ཤིག་ལ་གཏོར་རྒོལ་བྱས་ཏེ། ཉེ་ཆར་ཕྱི་ཟླ་དང་པོའི་ནང་པ་ཀི་སི་ཐན་གྱི་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པ་ཚོས་བཙན་ཉར་བྱེད་ཡོད་པའི་ཨ་མི་རི་ཀ་བ་ཝ་རེན་ཝེ་སི་ཊེན་དང་། ཨི་ཊི་ལི་ཡུལ་མི་པོར་ཏོ་གཉིས་ལ་སྲོག་སྐྱོན་བྱུང་ཞིང་། དེར་བརྟེན་ཨ་མི་རི་ཀའི་སྤྱི་ཚོགས་སུ་ཁ་ལོ་བ་མེད་པའི་གནམ་གྲུས་འཇིགས་སྐུལ་རིང་ལུགས་པ་ཚོར་གཏོར་རྒོལ་བྱ་རྒྱུ་འོས་འཚམས་ཤིག་ཡིན་མིན་སླར་ཡང་རྩོད་པ་ཆེན་པོ་བསླངས་རུང་། འཇིགས་སྐུལ་རིང་ལུགས་པ་ཚོ་རྩ་བ་བརྟན་པོ་ཚུགས་ཡོད་ས་ཁག་ཏུ་ཨ་མི་རི་ཀའི་གསང་བའི་ལས་ཁང་གིས་གནས་ཚུལ་བསྡུ་རུབ་བྱ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG