ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

མ་ལེ་ཤི་ཡས་མཚོ་གླིང་བདག་དབང་གི་རྩོད་རྙོག་ཐད་རྒྱ་ནག་ལ་སྐྱོན་བརྗོད།


རྒྱ་ནག་གཞུང་གིས། ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཁག རྒྱ་ནག་རང་ཉིད་ ལ་བདག་གི་ཡོད་ལུགས་ཀྱི་འདོད་དོན་རྣམས་སྒྲུབ་ཐབས་སུ་དམིགས་པའི་བྱ་ སྤྱོད་ཁག་ལ། སྐྱོན་བརྗོད་བྱེད་དགོས་ལུགས་ཕྷི་ལི་པིན་གྱིས་ཤུགས་སྣོན་རྒྱག་གི་ ཡོད་པར་མ་ལྟོས་པར། གཟའ་འཁོར་རྗེས་མ་ལྷོ་ཤར་ཨེ་ཤི་ཡའི་ཡུལ་ཁག་མཐུན་ ཚོགས་ཀྱི་ལྷན་ཚོགས་ཤིག་བསྐྱང་རྒྱུ་ཡིན་པའི་སྐབས་སུ། ཕྱིར་བསྒྲགས་བྱ་རྒྱུའི་ མ་ལེ་ཤི་ཡའི་གཞུང་གི་སྤྱི་བསྒྲགས་ཀྱི་ཟིན་བྲིས་ཤིག རོའི་ཊར་གསར་འགྱུར་ ལས་ཁུངས་ཀྱི་གསར་འགོད་པས་མཐོང་ཡོད་པ་དེའི་ནང་། མ་ལེ་ཤི་ཡའི་གཞུང་ གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མི་དགོས་པ་གཙོ་དོན་བྱས་ཡོད་པ་རེད། ཕྷི་ལི་པིན་གྱི་སྲིད་འཛིན་ལྕམ་ Benigno Aquino ཡིས། ལྷོ་ཤར་ཨེ་ཤི་ཡའི་ ཡུལ་ཁག་མཐུན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་རྣམས་ལ། མ་ལེ་ཤི་ཡའི་ རྒྱལ་ས་ Kuala Lumpur གྱི་ནང་བསྐྱང་རྒྱུའི་ལྷན་ཚོགས་ཀྱི་མཇུག་ཏུ། ཚོགས་ཁོངས་རྒྱལ་ཁབ་རྣམས་ཐོུང་གི་ཐོག་ནས། རྒྱ་ནག་གིས། ལྷོ་རྒྱ་ནག་ རྒྱ་མཚོའི་ནང་གི་མཚོ་གླིང་ཡོངས་རྫོགས་རྒྱ་ནག་ལ་བདག་གི་ཡོད་ལུགས་ཀྱི་ འདོད་གཏམ་ཤོད་ཀྱི་ཡོད་པ་དེ་སྒྲུབ་ཐབས་སུ་དམིགས་པའི་བྱ་སྤྱོད་དེ་དག་ལ་ སྐྱོན་བརྗོད་བྱེད་པའི་སྤྱི་བསྒྲགས་ཤིག་སྤེལ་དགོས་པའི་འབོད་བསྐུལ་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གིས། ལྷོ་ཤར་ཨེ་ཤི་ཡའི་ཡུལ་ཁག་གི་མཐུན་ཚོགས་དེ་དང་། ལྷོ་རྒྱ་ནག་རྒྱ་ མཚོའི་མཚོ་གླིང་བདག་དབང་གི་གནད་དོན་གཉིས་འབྲེལ་བ་མེད་ཅེས་བརྗོད་ ཡོད་པ་དང་། མ་ལེ་ཤི་ཡའི་སྲིད་བློན Najib Razak གིས། ལྷན་ཚོགས་ཀྱི་ མཇུག་ཏུ་སྤེལ་རྒྱུའི་རང་གི་སྤྱི་བསྒྲགས་ཀྱི་ཟིན་བྲིས་ཤིག་གི་ནང་། ནུས་པའི་ འབྱུང་ཁུངས་ཕྱུག་པོ་ཡོད་པའི་མཚོ་གླིང་དེ་དག་གི་བདག་དབང་དང་འབྲེལ་ བའི་ཚིག་ཕྲེང་གཉིས་བྲིས་ཡོད་པའི་ནང་། རྩོད་གླེང་བྱེད་མཁན་རྒྱལ་ཁབ་སུ་ ལའང་ཕྱོགས་རིས་བྱས་མེད་པ་རེད།

XS
SM
MD
LG