ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༢༣

ཕྱི་རྒྱལ་ལ་བྲོས་བྱོལ་དུ་སོང་བའི་རྒྱ་ནག་གི་ལྐོག་ཟ་བ་མི་བརྒྱའི་མིང་ཐོ།


ཕྱི་ཟླ་༤་ཚེས་༢༣་ཉིན་རྒྱ་ནག་ཉིན་རེའི་ཚགས་པར་གྱི་ཤོག་ངོས་གཉིས་ལ་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཟུར་པ་བརྒྱ་ཐམ་པའི་འདྲ་པར་དང་མིང་ཐོ། ཁོ་ཚོའི་ལོ་ཚད་དང་སྐྱེས་ཡུལ་གྲོང་རྡལ། མི་དེ་ཚོས་སྐད་ཡིག་ཅི་ཞིག་ཤེས་མིན་སོགས་ལོ་རྒྱུས་མདོར་བསྡུས་རེ་བཀོད་དེ། ཁོ་ཚོས་རྒྱ་ནག་གི་གཞུང་འབྲེལ་སྒྲིག་འཛུགས་ཁག་ཏུ་གོ་གནས་བཟུང་བའི་སྐབས་སུ་དངུལ་སྒོར་ལྐོག་ཟ་བྱས་པ་དང་དབང་ཆ་བེད་སྤྱོད་ལོག་པ་བཏང་བ། ཁོ་ཚོས་སྤྱི་དངུལ་སྒེར་གཅོད་སོགས་ཁྲིམས་འགལ་སྣ་ཚོགས་ཤིག་བྱས་ཡོད་ཅེས་སྐྱོན་འཛུགས་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྒྱལ་སྤྱིའི་ཉེན་རྟོག་ལས་ཁང་ལ་མི་བརྒྱ་ཐམ་པའི་མང་ཆེ་བ་ཨ་མི་རི་ཀ་དང་ཁེ་ཎ་ཌར་བྲོས་བཅོལ་དུ་སོང་ཡོད། ཁོ་ཚོ་འབྲེལ་ཡོད་རྒྱལ་ཁབ་ཁག་གིས་འཛིན་བཟུང་བྱས་ནས་རྒྱ་ནག་ལ་ཕྱིར་སློག་བྱ་དགོས་ཞེས་བརྡ་ཁྱབ་བཏང་ཡོད་པ་རེད།།

XS
SM
MD
LG