ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

དྲག་སྤྱོད་པར་མནར་གཅོད་བཏང་བའི་གནས་ཚུལ་ལ་ཨ་རིའི་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ།


དེ་སྔ་ཕྱི་ལོ་༢༠༠༡ལོའི་ཟླ་བ་དགུ་པའི་ཚེས་༡༡ཉིན། འཇིགས་བསྐུལ་རིང་ལུགས་པས་ཨ་མི་རི་ཀར་རྒོལ་བརྡུང་བཏང་བའི་ཚབས་ཆེའི་གནས་ཚུལ་བྱུང་བའི་རྗེས་སུ། ཨ་མི་རི་ཀའི་དབུས་གསང་འཕྲིན་ལས་ཁང་།(CIA)ཡིས། དྲག་སྤྱོད་པ་འཇུ་བཟུང་བཀག་ཉར་བྱས་པ་རྣམས་ལ། གདུག་སྦྱོང་མནར་གཅོད་དྲག་པོ་བཏང་སྟེ་གནས་ཚུལ་རག་ཐབས་བྱེད་པའི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། གྲོས་ཚོགས་ཀྱིས་ཞིབ་དཔྱོད་བྱས་པའི་སྙན་ཐོ་ཞིག་ཐོན་ཡོད་ནའང་། ད་དུང་སྲིད་འཛིན་ཨཽ་བྷ་མ་ཆབ་སྲིད་འཛིན་སྐྱོང་ཁང་གིས། བཙོན་པར་མནར་གཅོད་གཏོང་བའི་ལས་འགུལ་དེའི་ནང་ཐེ་གཏོགས་ཡོད་པ་རྣམས་ལ་ཁྲིམས་གཅོད་གང་ཡང་མ་བྱས་པར། ནག་ཉེས་གུ་ཡང་བཏང་བ་ལྟ་བུའི་རྣམ་པ་བསྟན་ཏེ་བཞག་ཡོད་ལུགས། རྒྱལ་སྤྱིའི་ཉེས་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། གཟའ་མིག་དམར་ཉིན། སྐྱོན་བརྗོད་བྱས་ཡོད་འདུག འོན་ཀྱང་། ཨ་མི་རི་ཀའི་ཁྲིམས་དོན་ལས་ཁུངས་ཀྱིས། གྲོས་ཚོགས་གོང་མའི་ལས་དོན་ཚོགས་ཆུང་ཞིག་གིས་བཏོན་པའི་སྙན་ཐོ་དེ་ལ་བསྐྱར་ཞིབ་བྱས་པར། དེའི་ནང་། མི་གང་ཞིག་གིས་ཨ་མི་རི་ཀའི་ཉེས་དོན་ཁྲིམས་གཞི་དང་འགལ་བའི་བྱ་སྤྱོད་སྤེལ་བའི་དཔང་རྟགས་གསར་པ་གང་ཡང་བརྙེད་སོན་མ་བྱུང་ཞེས། གསར་འགོད་པར་འགྲེལ་བརྗོད་གནང་ཡོད་པ་རེད།།

XS
SM
MD
LG