ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་མི་རི་ཀ་བ་དགེ་རྒན་ཞིག་རྒྱ་ནག་ནས་ཕྱིར་འབུད་བཏང་ཡོད་པ།


རྒྱ་ནག་གི་ཤེན་ཕྲན་ས་གནས་ཀྱི་གཞི་རིམ་སློབ་གྲྭར་དབྱིན་ཇིའི་སྐད་ཡིག་སློབ་ཁྲིད་བྱེད་མཁན་ཨ་མི་རི་ཀ་བ་བུད་མེད་རང་ལོ་༣༣ལ་སོན་པ་ཞིག་གིས་ བོད་མི་རིགས་དང་ རྒྱ་མི་རིགས་གཉིས་དབར་ཡོད་པའི་དཀའ་རྙོག་དེ་ཇི་ཙམ་ཛ་དྲག་པོ་ཡོད་པ་དེ་རང་གི་དངོས་སུ་མྱོང་ཚོར་གྱི་ཐོག་ནས་ཤེས་རྟོགས་བྱུང་ལུགས་འགྲེལ་བརྗོད་བྱས་ཡོད་པ་དང་ དེ་ཡང་ན་ནིང་རྒྱ་མིའི་ལོ་གསར་གྱི་གུང་གསེང་སྐབས་དང་བསྟུན་ཏེ་ཁོང་རྒྱ་ནག་ནས་མེ་འཁོར་ནང་བོད་ལ་འགྲུལ་བཞུད་བྱས་པའི་སྐབས་ རང་གི་གྲོགས་མོ་ཞིག་ལ་ཁ་དཔར་ཐོག་འཕྲིན་ཡིག་ཞིག་བཏང་ཡོད་པ་དེའི་ནང་ མེ་འཁོར་འདིའི་ནང་འཛུལ་མཁན་བོད་མི་ཇི་ཙམ་ལ་རྒྱ་ནག་གི་ཉེན་རྟོག་པ་ཚོས་མེ་མདའ་བརྒྱབས་ཡོད་དམ་བསམ་གྱི་འདུག་ཅེས་བྲིས་ཡོད་པར་བརྟེན་ རྗེས་ལ་རྒྱ་ནག་གི་ཉེན་རྟོག་པ་ཚོས་ཤེས་རྟོགས་བྱུང་སྟེ་ཁོང་རྒྱ་ནག་ནས་ཕྱིར་འབུད་བཏང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG