ངོ་འཕྲད་བདེ་བའི་དྲ་འབྲེལ།

རླུང་འཕྲིན།

རྒྱབ་ཤ་དཀར་པོའི་ཡིག་ཆར་བོད་མིས་ལན་འདེབས།


རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ བོད་ལྗོངས་འཕེལ་རྒྱས་ཀྱི་ལམ་བུ་ནས་ལོ་རྒྱུས་ཀྱི་འདམ་ཁ་ཞེས་པའི་ཤོག་གྲངས་༣༣ དང་ནང་གསེས་དོན་ཚན་ལྔ་ཡོད་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ་གསར་བ་ཞིག་འདོན་སྤེལ་བྱས་ཅིང་། ཡིག་ཆ་འདིའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ལ་དགག་ པ་ཤུགས་ཆེ་བརྒྱབས་ཡོད་པ་དང་། བོད་རྒྱ་གཉིས་དབར་གྲོས་མོལ་བྱས་པ་ཁག་ལ་ལམ་ལྷོང་དང་གྲུབ་འབྲས་མ་བྱུང་བ་ དེ་གོང་ས་མཆོག་དང་གང་གི་སྐུ་ཚབ་ཚོར་ལྷག་བསམ་མེད་པའི་དབང་གི་ཡིན་ལུགས་ སོགས་འགྲེལ་བརྗོད་བྱས་ཡོད།

XS
SM
MD
LG