ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྷི་ལི་པིན་དང་ཨ་མེ་རི་ཀས་ལོ་རེའི་དྲག་རྩལ་སྦྱོང་བརྡར་བྱ་རྒྱུ་ཡིན་པ།


རྒྱ་ནག་དང་མཚོ་གླིང་གི་བདག་དབང་ཐད། རྩོད་རྙོག་ཡོད་བཞིན་པའི་ སྐབས་འདིར། ཨ་མེ་རི་ཀ་དང་ཕྷི་ལི་པིན་གྱི་དམག་མི་སྟོང་ཕྲག་མང་པོས། རྒྱ་སྐྱེད་བྱས་པའི་ལོ་རེའི་དྲག་རྩལ་སྦྱོང་བརྡར་དེ། རེས་གཟའ་ཟླ་བའི་ཉིན་འགོ་ འཛུགས་བྱ་རྒྱུ་ཡིན་པ་དང་། ཕྷི་ལི་པིན་གྱི་ནང་། ཉིན་གྲངས་བཅུའི་རིང་བྱ་རྒྱུའི་དྲག་པོའི་སྦྱོང་བརྡར་དེ་དག་ ནི། རྒྱུན་རིང་མཐུན་ཕྱོགས་སུ་གྱུར་པའི་རྒྱལ་ཁབ་དེ་གཉིས་ཀྱི་ལོ་རེའི་བྱེད་སྒོ་ ཞིག་ཏུ་གྱུར་ཡོད་ཀྱང་། འདི་ལོའི་དྲག་རྩལ་གྱི་སྦྱོང་བརྡར་གྱི་ནང་མཉམ་ ཞུགས་བྱེད་མཁན་དམག་མིའི་གྲངས་འབོར་དེ། སྔ་ལོའི་གྲངས་འབོར་ལས་ ལྡབ་གཉིས་མང་དུ་བཏང་ཡོད་པ་རེད། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་གཞི་ཆེ་བའི་ས་ཁུལ་ཁག་གི་་ནང་། རྒྱ་ནག་ གིས། བཙན་ཤེད་ཀྱི་ཐོག་ནས་གླིང་ཕྲན་བདག་དབང་ཡོད་ལུགས་རང་གི་ འདོད་དོན་སྒྲུབ་ཐབས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པར། གདོང་ལེན་ ནན་པོ་བྱེད་ཐུབ་པའི་ཆེད་དུ། ཕྷི་ལི་པིན་གྱིས་ཨ་མེ་རི་ཀ་ནས་དམག་དོན་དང་ ཕྱི་འབྲེལ་གཉིས་ཐད། རྒྱབ་སྐྱོར་མང་བ་ཐོབ་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ ཡོད་པ་རེད།

XS
SM
MD
LG