ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་རྒྱལ་ཡོངས་སུ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བཀའ།


རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། ཡུལ་དེ་ཁྱོན་ཡོངས་སུ་མང་ཚོགས་འདུ་འཛོམས་བྱ་ཡུལ་ཁག་ཏུ་མྱུལ་ཞིབ་ཀྱི་དཔར་ཆས་འཛུགས་རྒྱུ་མང་དུ་གཏོང་དགོས་པ་མ་ཟད། ཉེན་རྟོག་པ་དང་། དྲག་དཔུང་རུ་ཁག་ཟུང་འབྲེལ་གྱི་ཐོག་ནས་སྐོར་གཡེང་རྒྱག་རྒྱུས་མཚོན་པའི་ལྟ་སྲུང་བྱེད་ཤུགས་ཆེ་རུ་གཏང་སྟེ། མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་སྒོ་ཡར་རྒྱས་གཏོང་དགོས་པ་ཡིན་ཞེས། ས་གནས་ཀྱི་གཞུང་འཛིན་འགོ་ཁྲིད་ཚོར་བཀའ་བཀོད་བཏང་ཡོད་འདུག འདི་ནི། བར་ལམ་རྒྱ་ནག་གི་ས་ཁུལ་མང་པོར། དྲག་རྒོལ་བྱས་པའི་དོན་རྐྱེན་གནས་ཚུལ་ཚབས་ཆེ་དེ་འདྲ། རིམ་པ་ཞིག་བྱུང་བ་བརྟེན་ནས་བཏང་བ་ཞིག་ཡིན་ཞིང་། དྲག་རྒོལ་དེ་དག ཤིང་ཅང་གི་ཡུ་གུར་ཁ་ཆེ་དྲག་སྤྱོད་པས་བྱས་པ་རེད་ཟེར། རྒྱ་ནག་གཞུང་གིས་སྐྱོན་འཛུགས་བྱས་ཡོད་པ་རེད། དྲག་རྒོལ་བྱས་པའི་གནས་ཚུལ་ཚབས་ཆེ་ཤོས་ཤིག་ནི། སྔ་ལོའི་ཕྱི་ཟླ་གསུམ་པར་གྲོང་ཁྱེར་ཀུན་མིང་གི་མེ་འཁོར་བབས་ཚུགས་སུ་བྱུང་ཡོད་པ་དང་། དེ་གར་གྲི་འཁྱེར་བའི་མི་ཚོ་ཁག་ཅིག་གིས། འགྲུལ་པ་གང་བྱུང་ལ་གྲི་བརྒྱབས་ཏེ། མི་གྲངས་༣༡བསད་ཡོད་པས། རྗེས་སུ་མི་གསུམ་ལ། རྒོལ་བརྡུང་དེ་ངན་བཤོམས་བྱེད་མཁན་ཡིན་པའི་སྐྱོན་འཛུགས་བྱས་ཏེ་སྲོག་ཐོག་ཏུ་བཏང་ཡོད་པ་རེད།།

XS
SM
MD
LG