ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཇོ་མོ་གླང་མར་ཁོག་ལམ་འཛུགས་སྐྲུན་བྱ་སྲིད་པ།


རྒྱ་ནག་གིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་ཡུ་རོབ་བར་དུ་དར་གོས་ཚོང་ལམ་གྱི་དཔལ་འབྱོར་རྐེད་རགས་ཟེར་པའི་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གནམ་ཐང་དང་གྲུ་ཁ་སོགས་འཛུགས་སྐྲུན་རྒྱ་ཆེན་པོ་ཞིག་བྱེད་ཀྱི་ཡོད་ཅིང་། ད་ལྟ་རྒྱ་ནག་གིས་བལ་ཡུལ་ལའང་མེ་འཁོར་ལྕགས་ལམ་མཐུད་ནས་འགྲིམ་འགྲུལ་དང་སྐྱེལ་འདྲེན་སྟབས་བདེ་རུ་གཏོང་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པས། བལ་ཡུལ་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་རྒྱུ་ལོ་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་པ་དང་། བལ་ཡུལ་ལ་རྒྱ་ནག་གི་ཤུགས་རྐྱེན་ཅི་ཙམ་ཆེ་རུ་སོང་ན་རྒྱ་གར་ལ་དེ་ཙམ་གྱིས་བློ་འཚབ་འབྱུང་གི་ཡོད་པ་སྟེ། བལ་ཡུལ་རྒྱ་དཀར་ནག་གཉིས་ཀྱི་ཤུགས་རྐྱེན་ཐེབས་ཡུལ་དམག་ས་ལྟ་བུ་ཞིག་ལ་གྱུར་ཡོད། ཕྱི་ཟླ་༤་ཚེས་༩་ཉིན་རྒྱ་ནག་ཉིན་རེའི་ཚགས་པར་དང་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཚགས་པར་གཉིས་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཇོ་མོ་གླང་མར་ཁོག་ལམ་བྲུས་ནས་བལ་ཡུལ་བར་དུ་སྤྱི་ལེ་༥༤༠་ཐམ་པའི་རིང་ཚད་ཀྱི་མགྱོགས་མྱུར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་སྲིད་པ་དང་། རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་བཟོ་སྐྲུན་མཁས་པ་ཝང་མེང་ཧྲུས་ང་ཚོར་བཟོ་སྐྲུན་གྱི་འཕྲུལ་རིག་ལག་རྩལ་ཐོག་ཏུ་དཀའ་ངལ་འཕྲད་སྲིད། ཡིན་ནའང་ཇོ་མོ་གླང་མར་ཁོག་ལམ་འབྲུ་བའི་འཆར་གཞི་འདི་ལག་ལེན་བསྟར་དགོས་ཞེས་གླེང་སློང་བྱ་རྒྱུ་ཤུགས་རུ་འགྲོ་བཞིན་འདུག བལ་ཡུལ་གཞུང་གིས་རེ་བ་བཏོན་པ་ལྟར་བོད་རང་སྐྱོང་ལྗོངས་ནས་བལ་ཡུལ་གྱི་ས་མཚམས་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་ཚེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་ཡར་རྒྱས། ཡུལ་སྐོར་སྤྲོ་འཆམ་དང་འགྲིམ་འགྲུལ། སྐྱེལ་འདྲེན་སོགས་སྟབས་བདེ་རུ་འགྲོ་ཐུབ་པའི་ཕན་ཐོགས་ཡོད་པས། ང་ཚོས་ཇོ་མོ་གླང་མར་ཁོག་ལམ་འབྲུ་བའི་འཛུགས་སྐྲུན་གྱི་ལས་དོན་འདིར་སྔོན་འགྲོའི་གྲ་སྒྲིག་བྱ་རྒྱུ་འགོ་ཚུགས་ཡོད་ཅེས་བཤད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG