ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཨཽ་བྷ་མ་མཆོག་ཀཱ་རཱེ་བྷི་ཡན་མངའ་ཁུལ་གྱི་རྒྱལ་ཁབ་ཇི་མཱེ་ཁར་ཕེབས་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ ཨཽ་བྷ་མ་མཆོག ཀཱ་རཱེ་བྷི་ཡན་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་གྲུ་ཁག་གི་ཆེས་མཐོའི་དབུ་ཁྲིད་ཀྱི་ལྷན་ཚོགས་སུ་ཚོགས་ཞུག་གནང་རྒྱུའི་ཆེད་དུ། རེས་གཟའ་ལྷག་པའི་མཚན་མོ། ཇི་མཱེ་ཁའི་རྒྱལ་ས་ཀིངྶ་ཏྲོན་དུ་ཕེབས་འབྱོར་གནང་ཡོད་ཅིང་། དེ་ནི། ༡༩༨༢ལོར། སྐབས་དེའི་ཨ་མི་རི་ཀའི་སྲིད་འཛིན་རཱོ་ནལྜ་ རཱེ་གྷན་དམ་པ་དེ་ཉིད་ཀྱིས་གླིང་ཕྲན་རྒྱལ་ཁབ་དེར་འཚམས་འདྲི་གནང་བ་ནས་བཟུང་། ཨ་མི་རི་ཀའི་སྲིད་འཛིན་ཞིག་དེ་གར་ཕེབས་པ་ཐོག་མ་དེ་ཡིན་པ་རེད། སྐུ་ཞབས་ཨཽ་བྷ་མ་མཆོག་གིས། ཀཱ་རཱེ་བྷི་ཡན་མངའ་ཁུལ་གྱི་རྒྱལ་ཁབ་བཅོ་ལྔའི་དབུ་ཁྲིད་རྣམས་དང་གཙོ་བོ། ནུས་པའི་འབྱུང་ཁུངས་ཀྱི་གནད་དོན་དང་། བདེ་འཇགས་ཀྱི་གནད་དོན། དེ་བཞིན། ཚོང་དོན་གྱི་གནད་དོན་སོགས་ཀྱི་ཐད་ གྲོས་མོལ་གནང་རྒྱུ་ཡིན་ཞིང་། ཨ་མི་རི་ཀས། དཔལ་འབྱོར་གྱི་གནས་སྟངས་ཐ་ཞན་པའི་རང་གི་ཁྱིམ་མཚེས་ཡུལ་གྲུ་ཆུང་རྩག་དེ་དག་དང་། རྒྱུན་རིང་འབྲེལ་བ་མ་བྱས་པར་སྣང་ཆུང་ཤོར་ཡོད་ནའང་། ད་ཆ། འབྲེལ་བ་སླར་གསོ་བྱས་ཏེ། ཁུལ་དེར་སྣེ་ཁྲིད་ཀྱི་འགན་འཁུར་ལེན་རྒྱུའི་འདོད་པ་ དངོས་གནས་ཡོད་པ་ནན་བརྗོད་གནང་རྒྱུའི་འཆར་གཞི་ཡོད་འདུག

XS
SM
MD
LG