ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཉི་ཧོང་ལ་ཕེབས་ཡོད་པ།


དེང་སྐབས་ལྷོ་རྒྱ་ནག་རྒྱ་མཚོ་དང་། ཤར་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ། རྒྱ་ནག་གིས། བདག་དབང་རྩོད་གླེང་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར། ཉི་ཧོང་དང་ཨ་མི་རི་ཀས། བདེ་སྲུང་གི་ཐད་མཉམ་ལས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པའི་རྣམ་པ་གསལ་སྟོན་བྱ་རྒྱུར་དམིགས་ནས། ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ཨེཤ་ཏྲན་ ཀར་ཏྲར་ ཉི་ཧོང་གི་ནང་ཕེབས་འབྱོར་གནང་སྟེ། གཟའ་ལྷག་པའི་ཉིན། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་དང་གྲོས་མོལ་གནང་སྒོ་ཁག་དབུ་འཛུགས་གནང་ཡོད་པ་རེད། སྐུ་ཞབས་ཀར་ཏྲར་གྱི་འཚམས་འདྲི་འདི་ནི། ༡༩༩༧ལོ་ནས་བཟུང་། རྒྱལ་སྲུང་གི་ཐད་ཨ་མི་རི་ཀ་དང་ཉི་ཧོང་མཉམ་ལས་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལ་ལེགས་བཅོས་བྱེད་ཐེངས་དང་པོ་དེ་བྱས་པའི་སྐབས་དང་བསྟུན་པ་ཞིག་ཀྱང་ཡིན་ཞིང་། སྒྲིག་གཞི་ལ་ལེགས་བཅོས་བྱས་པར་བརྟེན་ནས། ད་ཆ་ཉི་ཧོང་གི་དམག་མི་རྣམས་རང་སྲུང་ཁོ་ནའི་ཆེད་དུ་མ་གཏོགས། དེ་མིན་དམག་དོན་ལས་འགུལ་སྤེལ་མི་ཆོག་པའི་དམ་དྲག་འོག་གནས་མི་དགོས་པར། གཞན་ལ་དམག་རོགས་དགོས་དུས་སྐྱོད་ཆོག་པ་སོགས་ཀྱི་འགྱུར་བ་ཆེན་པོ་ཞིག་འགྲོ་གི་ཡོད་པ་དང་། དེའི་ཐོག་ནས་མཐུན་ཕྱོགས་རྒྱལ་ཁབ་ཨ་མི་རི་ཀ་དང་ཉི་ཧོང་གི་དམག་དཔུང་གི་འབྲེལ་བའི་ངོ་བོ་ལའང་འགྱུར་བ་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པ་རེད། འགྱུར་བ་དེ་ཚོར་ཨ་མི་རི་ཀས་དགའ་བསུ་ཞུ་གི་ཡོད་ཅེས། རྒྱལ་སྲུང་དྲུང་ཆེ་སྐུ་ཞབས་ཀར་ཏྲར་གྱིས། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ནཱ་ཀཱ་ཏཱ་ནཱི་ལ་གསུངས་པ་དང་འབྲེལ། འགྱུར་བ་དེའི་ཐོག་ནས་ ཉི་ཧོང་དང་། ང་ཚོའི་མཐུན་ཕྱོགས་མནའ་འབྲེལ་ལ། མངའ་ཁུལ་གྱི་ནང་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ཆེ་རུ་ཕྱིན་པ་རེད་ཅེས་གསུངས་ཡོད་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG