ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གིས་འབྲི་ཆ་རྒྱ་རྒྱུད་དུ་གྲོང་ཁྱེར་ཆེ་ཁག་མང་པོ་འཛུགས་བསྐྲུན་བྱ་རྒྱུ་ཡིན་པ།


རྒྱ་ནག་གཞུང་གིས་གཟའ་ཉི་མའི་ཉིན་འཆར་གཞི་གསར་པ་ཞིག་གསལ་བསྒྲཌ་བྱས་ཡོད་པ་དེའི་ནང་རྗེས་མའི་ལོ་བཅུའི་ནང་འབྲི་ཆུའི་རྒྱ་རྒྱུད་དུ་དཔལ་འབྱོར་གྱི་གྲོང་ཁྱེར་གསར་པ་ཁག་ཅིག་འཛུཌ་བསྐྲུན་བྱ་རྒྱུ་བཀོད་ཡོད་འདུག རྒྱ་ནག་གིས་དེ་འདྲའི་མངའ་ཁུལ་ཞིག་འཛུགས་བསྐྲུན་བྱས་ཐུབ་པ་ཡིན་ན། རྒྱ་ནག་དབུས་ཕྱོཌ་ཁུལ་དུ་འཛུགས་བསྐྲུན་གྱི་ལས་འཆར་རྒྱ་བསྐྱེད་བྱེད་ཐུབ་པ་དང་། དཔལ་འབྱོར་གྱི་་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ཐུབ་པ། འཚོ་རྟེན་གྱི་ལས་ཀ་འཕར་མ་བསྐྲུན་ཐུབ་པ་སོཌ་ཀྱི་དགེ་མཚན་དང་ཁྱད་ཆོས་ཡོད་ལུཌ་བཤད་ཡོད་འདུག དེ་ཡང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ལྷན་ཁང་ཟེར་བའི་བློན་ཆེན་ལྷན་ཁང་གིས་རང་ཉིད་ཀྱི་དྲ་རྒྱའི་ཐོག་གསལ་བསྒྲཌ་བྱས་པར་གཞིཌ་ན། གཞུང་གིས་འབྲི་ཆུའི་རྒྱ་རྒྱུད་ཀྱི་ས་ཆ་རྒྱ་ཁྱོན་ཀྱི་ལོ་མི་ཀྲར་གྲུ་བཞི་མ་གསུམ་འབུམ། ཆིག་ཁྲིོ། བདུན་སྟོང་ཟུར་བཅད་བྱ་རྒྱུ་དང་། གྲོང་ཁྱེར་གསར་པ་དེ་ཚོའི་ཆེད་དུ་གཞུང་གིས་ལམ་ཁག་དང་གློག་ཤུགས་ཀྱི་ཆ་རྐྱེན་འདང་ངེས་ཤིག་བསྐྲུན་རྒྱུ་ཡིན་ལུགས་བཤད་འདུག

XS
SM
MD
LG