ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཨེ་རན་གྱི་རྡུལ་ཕྲན་མཚོན་ཆའི་ལས་འཆར་ཐད་ཀྱི་སྔོན་འགྲོའི་གྲོས་མཐུན།


ཨ་མེ་རི་ཀ་གཙོ་བོར་གྱུར་བའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་དྲུག་དང་ཨེ་རན་དབར་དུ་ཨེ་རན་རྡུལ་ཕྲན་མཚོན་ཆའི་བཟོ་ལས་མཚམས་འཇོག་ཐད་ལ་གྲོས་མཐུན་ཞིག་བྱུང་ཡོད་པ་དེ་ནི་གཅིག་བྱེད་ན་མཐའ་ནའི་གྲོས་མཐུན་ཞིག་ཏུ་འགྱུར་བའི་གོ་སྐབས་ཡོད་པ་མ་ཟད། དཀྱིལ་ཤར་ཡུལ་གྲུའི་ཁུལ་དུ་ཞི་བདེ་བརྟན་བརླིང་བསྐྲུན་ཐུབ་པའི་གོ་སྐབས་ཀྱང་བྱུང་ངེས་པ་རེད། གལ་ཏེ་དེ་ལྟར་བྱུང་བ་ཡིན་ན་དེ་ནི་ཨི་སི་རེལ་ཁོ་ནར་ཁེ་ཕན་ལྡན་པ་མིན་པར། ཁྱིམ་མཚེས་རྒྱལ་ཁབ་གཞན་རྣམས་ལ་ཡང་དེ་མཚུངས་ཀྱི་འབྲེལ་བ་ཆགས་ཡོད་པ་རེད། དེ་བཞིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཡིས་གྲོས་མཐུན་དངོས་ཐག་གཅོད་མ་བྱེད་པའི་གོང་དེར་ཨ་རིའི་གྲོས་ཚོགས་ཀྱིས་ཀྱང་གྲོས་མོལ་དང་གྲོས་མཐུན་གྱི་བརྒྱུད་རིམ་དེའི་ཆ་ཤས་ལེན་འདོད་བྱེད་བཞིན་ཡོད་པ་རེད།

XS
SM
MD
LG