ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༧གོང་ས་མཆོག་གིས་ཉི་འོང་སྐུ་ཚབ་དོན་ཁང་དབུ་འབྱེད་རབ་གནས་གནང་འདུག


རེས་གཟའ་ཉི་མའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་འོང་གི་རྒྱལ་ས་ཀྲོག་ཀྱོར་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ལས་ཁུངས་གསར་པ་དབུ་འབྱེད་དང་རབ་གནས་བྱིན་རླབས་གནང་འདུག་པ་དང་། དེ་ཡང་ཉི་འོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་གསུངས་དོན་ལ་དགའ་ལྡན་ཕོ་བྲང་ཐེབས་རྩ་ནས་མ་དངུལ་གསོལ་བསྩལ་བྱུང་བ་དང་། ཉི་འོང་མི་མང་གི་རོགས་དངུལ་གྱི་ཁར་བོད་མིའི་སྒྲིག་འཛུགས་ཀྱིས་མ་དངུལ་ཁ་བསྣོན་གནང་བ་བརྒྱུད་སྐུ་ཚབ་དོན་གཅོད་ལས་ཁུངས་ཚུགས་ཡུལ་ཁང་པ་ཐོགས་རྩེག་གསུམ་ཅན་ཞིག་ཉོས་ཏེ། ལས་ཁུངས་ལ་མཁོ་བའི་བཟོ་བཅོས་སོགས་གནང་ཡོད་ཅིང་། ད་ལམ་༧གོང་ས་མཆོག་ཉི་འོང་ལ་ཆིབས་བསྒྱུར་དང་བསྟུན་དབུ་འབྱེད་རབ་གནས་དང་། འབྲེལ་ཡོད་མི་སྣ་འདུས་པའི་སྐུ་མགྲོན་རྣམ་པར་ཉི་འོང་དང་བོད་ཀྱི་འབྲེལ་བ་དེ་༧རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་འགོ་འཛུགས་བྱུང་བ་དང་། ༧གོང་ས་མཆོག་བཙན་བྱོལ་ལ་ཕེབས་རྗེས་རྒྱ་གར་ནས་ཕྱིའི་རྒྱལ་ཁབ་ལ་ཆིབས་བསྒྱུར་དང་པོ་དེ་ཉི་འོང་ལ་ཞབས་སོར་བཀོད་པ་སོགས་འབྲེལ་བའི་རང་བཞིན་སྐོར་ངོ་སྤྲོད་བཀའ་སློབ་གནང་སོང་ཞེས་འགྲེལ་བརྗོད་གནང་གི་འདུག ཕྱི་དྲོ་ཀྲོག་ཀྱོར་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་བའི་སར་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་གནང་མཁན་ཉི་འོང་བ་ཚོས་རང་རང་གི་སྦྱང་འབྲས་ངོ་སྤྲོད་ཞུས་པ་སོགས་མཛད་འཕྲིན་བསྐྱངས་སོང་ཞེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG