ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀེན་ཡའི་གཞུང་གིས་ཉིན་གསུམ་གྱི་རིང་མྱ་ངན་བྱེད་བཞིན་ཡོད་པ།


ཨལ་ཤ་བབ་ཁ་ཆེ་དྲག་སྤྱོད་རུ་ཚོགས་ཀྱིས། ཀེན་ཡའི་མཐོ་རིམ་སློབ་ གཉེར་ཁང་ཞིག་ཏུ། སློབ་ཕྲུག་༡༤༨དམར་གསོད་བཏང་པ་རྣམས་ཀྱི་ཆེད་དུ། ཀེན་ཡའི་གཞུང་གིས་ཉིན་གྲངས་གསུམ་གྱི་རིང་མྱ་ངན་བྱེད་བཞིན་ཡོད་པ་དང་། ཡེ་ཤུའི་སྟོན་པ་མ་ཤི་ཀ་འདས་ལོག་གི་དུས་ཆེན་གྱི་དུས་སྟོན་ཞུ་སྒོའི་ ཐོག གྷ་རི་སན་གཙུག་ལག་སློབ་གཉེར་ཁང་དུ། རེས་གཟའ་ཕུར་བའི་ཉིན་ཁ་ཆེ་ དྲག་སྤྱོད་པ་རྣམས་ཀྱིས་དྲག་པོའི་རྒོལ་རྡུང་བཏང་སྟེ། རྐྱེན་འདས་སུ་གྱུར་པ་ རྣམས་ལ་དྲན་གསོ་བྱེད་ཀྱི་ཡོད་པ་རེད། ཀེན་ཡའི་སྲིད་འཛིན་ཡིས། དྲག་པོའི་རྒོལ་རྡུང་དེར། གདོང་ལེན་བྱེད་ཆེ་ཤོས་ཀྱི་ལམ་ནས་ཡ་ལན་སྤྲོད་རྒྱུ་ཡིན་པ་བརྗོད་ཀྱི་ཡོད་པ་རེད།

XS
SM
MD
LG