ངོ་འཕྲད་བདེ་བའི་དྲ་འབྲེལ།

རེས་གཟའ་ཕུར་བུའི་དགོང་མོར་རྒྱལ་སྤྱིའི་རྒྱལ་ཁབ་དྲུག་དང་ཨི་རན་གྱིས་གྲོས་མཐུན་གྱི་སྒྲོམ་གཞི་ཞིག་འཇོག་ཐུབ་ཡོད་པའི་གསལ་བསྒྲགས་བྱས་ཏེ། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུས་ལས་གྲོས་མཐུན་དེས་ཨི་སི་རལ་གྱི་བདེ་འཇགས་གནས་སྟངས་ལ་ཉེན་ཀ་འབྱུང་སྲིད་ཅེས་ཨ་རིའི་སྲིད་འཛིན་ཨོ་བྷ་མར་ཞལ་པར་བརྒྱུད་ནས་བཀའ་མོལ་གནང་འདུག་ཅིང་། གཟའ་པ་སངས་ཉིན་སྲིད་བློན་ནེ་ཐན་ཡ་ཧུས་ཨི་སི་རལ་གྱི་བདེ་འཇགས་དཔོན་རིགས་ཁག་འབོད་འགུགས་གནང་སྟེ་ཛ་དྲག་གི་ལྷན་ཚོགས་ཤིག་ཚོགས་ཡོད་པ་རེད།།

XS
SM
MD
LG