ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨི་རན་གྱི་རྡུལ་ཕྲན་གྱི་ལས་གཞི་སེལ་ཐབས་སུ་སྔོན་འགྲོའི་གྲོས་མཐུན་ཞིག་བྱུང་ཡོད་པ།


ཨ་མེ་རི་ཀ་དང་། ཨི་རན། དེ་མིན་འཛམ་གླིང་གི་སྟོབས་ཤུགས་ཆེ་བའི་ རྒྱལ་ཁབ་གཞན་ལྡ་བཅས་ཀྱིས། རིང་མིན་ཟླ་བ་གསུམ་གྱི་ནང་ཚུད་དུ། ཨི་རན་ གྱི་རྡུལ་ཕྲན་གྱི་ལས་གཞི་དང་འབྲེལ་བའི་དཀའ་རྙོག་སེལ་ཐབས་སུ་དམིགས་ པའི་གཞི་རྒྱ་ཆེ་བའི་གྲོས་མཐུན་ཞིག་འཇོག་རྒྱུའི་གལ་ཆེའི་གྲོས་དོན་ཁག་གི་ཐད། གྲོས་འཆམ་བྱུང་ཡོད་པ་རེད།

དེ་ཡང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཕྱི་འབྲེལ་སྲིད་བྱུས་འགན་འཛིན་ ལྕམ་ Federica Mogherini ཡིས། རེས་གཟའ་ཕུར་བུའི་ཉིན། མཐོུང་གི་སྤྱི་ བསྒྲགས་ཤིག་སྤེལ་ཏེ། གལ་ཆེའི་ཐག་གཅོད་འདི་དག་ནི། ཕྱི་ཟླ་དྲུག་པའི་ཚེས་ ༣༠ མཚམས་སུ། ཨི་རན་གྱི་རྡུལ་ཕྲན་གྱི་ལས་གཞིའི་གནད་དོན་དང་འབྲེལ་བའི་ མཐའ་མའི་གྲོས་མཐུན་ཞིག་འཇོག་ཕྱོགས་ཀྱི་གཞི་རྟེན་ཆགས་ཀྱི་ཡོད་ ལུགས་བརྗོད་ཡོད་པ་དང་།

གོང་ཞུས་ཀྱི་གྲོས་མཐུན་དེའི་འོག ཨི་རན་གྱིས། རང་གི་རྡུལ་ཕྲན་གྱི་ལས་དོན་ གཉེར་ཕྱོགས་སུ་ཚོདའཛིན་ཡོད་པ་བྱ་རྒྱུ་ཡིན་པར་བརྟེན། Natanz ས་གནས་ སུ་ཡོད་པའི་Uranium ཞེས་པའི་རྫས་རྒྱུའི་ནུས་པ་མཐུ་ཅན་དུ་གཏོང་རྒྱུའི་ ལས་གཞི་ཡོད་སའི་ས་ཁུལ་དེ་བཞིན། ཨི་རན་གྱི་ Uraniumརྫས་རྒྱུའི་ནུས་པ་ མཐུ་ཅན་དུ་གཏོང་རྒྱུའི་ལས་གཞི་ཡོད་པའི་ས་ཁུལ་གཅིག་པོ་དེ་ཆགས་རྒྱུ་ཡིན་པ་རེད། ཨི་རན་གྱིས། རང་གི་རྡུལ་ཕྲན་གྱི་ལས་འཆར་ཁག་ཇི་ཉུང་དུ་གཏོང་རྒྱུ་མོས་ མཐུན་བྱས་པ་ཁག དངོས་སུ་ལག་ལེན་དུ་བསྟར་གྱི་ཡོད་པའི་དཔང་རྟགས་དང་ ར་སྤྲོད་གསལ་པོ་བྱུང་པའི་རྗེས། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་། ཨ་མེ་ རི་ཀ་བཅས་ཀྱིས། ཨི་རན་གྱི་ཐོག་ལ་བཀལ་བའི་དཔལ་འབྱོར་བཀག་སྡོམ་གྱི་ ཉེས་ཆད་ཡོངས་རྫོགས་དུས་མཉམ་དུ་ཕྱིར་འཐེན་བྱ་རྒྱུ་ཡིན་པ་རེད།

XS
SM
MD
LG