ངོ་འཕྲད་བདེ་བའི་དྲ་འབྲེལ།

ལོ་ངོ་གཉིས་ཀྱི་གོང་དུ། ཨྭིས་ཇེབཌ་ཀྱིས། ཡུལ་གྱི་ནང་དུ་དྲག་པོའི་དབང་ བསྒྱུར་བྱེད་པའི་སྐབས། ཨ་མེ་རི་ཀས། ཨྭིས་ཇེབཊ་ལ་དམག་དོན་གྱི་དགོས་མཁོ་ མཁོ་སྤྲོད་བྱ་རྒྱུ་མཚམས་འཇོག་བྱས་ཡོད་པ་རེད། འོན་ཀྱང་། ཕོ་བྲང་དཀར་པོའི་ལས་སྣེ་དཔོན་རིགས་རྣམས་ཀྱིས་རེས་གཟའ་ མིག་དམར་གྱི་ཉིན་བརྗོད་དོན་ལྟར་ན། སྲིད་འཛིན་ཨོ་བྷ་མ་མཆོག་གིས། ཨྭིས་ ཇེབཊ་ལ། རང་གི་ཆབ་སྲིད་ཀྱི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པའི་སེམས་ བསྐུལ་གཏོངཐབས་མུ་མཐུད་གནང་བཞིན་པའི་མུར། དེ་སྔོན་ཨྭིས་ཇེབཊ་ལ་ གོ་མཚོན་ཚོང་བསྒྱུར་མི་བྱེད་ཆོག་པའི་དམ་དྲག་དང་། བཀག་བསྡོམས་བྱས་ ཡོད་པ་དེ། ད་ཆ་ཕྱིར་འཐེན་གནང་པ་དང་ཆབས་ཅིག ཨ་མེ་རི་ཀའི་མཐུན་ ཕྱོགས་ཀྱི་རྒྱལ་ཁབ་ཨྭིས་ཇེབཊ་དང་དམག་དོན་གྱི་འབྲེལ་བ་བྱེད་ཕྱོགས་སུ་ འགྱུར་བ་འགའ་ཞིག་ གཏོང་བཞིན་ཡོད་པ་རེད།

XS
SM
MD
LG