ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཁྲན་དུའི་ནང་རྒྱ་གར་གྱི་གཞུང་ཚབ་ལས་ཁང་ཞིག་འཛུགས་རྒྱུར་མོས་མཐུན་བྱུང་བ།


རྒྱ་གར་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཞུང་ཚབ་་དོན་གཅོད་ལས་ཁང་ཞིག་འཛུགས་རྒྱུའི་རེ་བསྐུལ་བྱས་པར་རྒྱ་ནག་གཞུང་གིས་ཁས་ལེན་ མ་བྱས་པར་དེའི་ཚབ་ཏུ་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲན་དུའི་ནང་རྒྱ་གར་གྱི་ཕྱི་འབྲེལ་སྐུ་ཚབ་ལས་ཁང་ཞིག་འཛུགས་རྒྱུར་མོས་མཐུན་བྱས་འདུག དེ་བཞིན་ རྒྱ་གར་གྱིས་ལྷོ་ཕྱོགས་གྲོང་ཁྱེར་ཅི་ནཱེའི་ནང་ རྒྱ་ནག་གི་ཕྱི་འབྲེལ་ དོན་གཅོད་ལས་ཁང་ཞིག་འཛུགས་རྒྱུར་མོས་མཐུན་བྱུང་ཡོད་པ་རེད། རྒྱ་ནག་གཞུང་གིས་དེང་སྐབས་ བོད་ཀྱི་རྒྱལ་ས་ལྷ་སའི་ནང་བལ་ཡུལ་གྱི་ གཞུང་ཚབ་ལས་ཁང་ཞིག་ཡོད་པ་མ་གཏོགས། རྒྱལ་ཁབ་གཞན་སུ་ཞིག་གི་སྐུ་ཚབ་ལས་ཁང་རྩ་འཛུགས་བྱེད་དུ་བཅུག་མེད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG