ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་རྒྱ་ནག་གིས་༧གོང་ས་མཆོག་གི་ཡང་སྲིད་ལ་དོ་སྣང་བྱེད་དགོས་དོན་སྐོར་བགྲོ་གླེང་།


རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་ཡོད་པའི་རྒྱ་གར་གྱི་རྒྱལ་སྤྱིའི་གནད་དོན་ལྟེ་གནས་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གིས་དོ་སྣང་བྱེད་དགོས་དོན་གང་ཡིན་སྐོར་བགྲོ་གླེང་ཞིག་འཚོགས་ཡོད་པ་དང་ རྒྱ་ནག་ཐད་ཀྱི་མཁས་པ་རྒྱ་གར་གྱི་གནས་ཡོད་མི་སྣ་གཅིག་གིས་རྒྱ་ནག་ནས་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ཏེ་༧གོང་ས་ཏ་ལའི་བླ་མའི་ཡང་སྲིད་རྒྱ་ནག་རང་གིས་ངོས་འཛིན་ཞུ་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་པ་དེའི་ཐོག་ནས་བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་༧གོང་ས་ཏཱ་ལ་བླ་མ་མེད་དུ་མི་རུང་བ་ཞིག་ཡིན་པ་རྒྱ་ནག་གིས་ངོས་འཛིན་ཐུབ་ཀྱི་ཡོད་རེད་ཅེས་གསུངས་ཡོད་པ་སོགས་ཀྱི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG