ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་རང་གི་ལོ་རྒྱུས་ལ་ངོས་ལེན་བྱ་དགོས།


ཁེམ་བྷོ་ཌི་ཡའི་རྒྱལ་ས་ནོམ་ཕེན་གྱི་ཐུལ་སི་ལེང་འགྲེམ་སྟོན་ཁང་དེ་འཛམ་གླིང་ཡུལ་གྲུ་ཁག་གི་ལྟ་སྐོར་པ་ཡོང་ས་ཞིག་ཡིན་ཞིང་། འགྲེམ་སྟོན་ཁང་དེའི་ཁང་མིག་ཁག་གི་ཐང་དང་གྱང་ངོས་སུ་ད་དུང་མིའི་ཁྲག་འགོས་པའི་རྗེས་ཤུལ་གསལ་ཡོད་པས་ལྟ་སྐོར་པ་ཚོར་རང་བཞིན་གྱིས་མ་བདེ་བའི་ཚོར་བ་ཞིག་ཡོང་གི་ཡོད་པ་དང་། ཕྱི་ཟླ་༣་ཚེས་༣༠་ཉིན་འགྲེམ་སྟོན་ཁང་གི་འགྲེལ་བཤད་རྒྱག་མཁན་གྱིས་ལྟ་སྐོར་པ་ཚོར་ཁྱེད་ཚོའི་གྲས་སུ་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཡོད་དམ་ཞེས་དྲིས་རུང་། ཉིན་དེར་ལྟ་སྐོར་པའི་གྲས་སུ་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་གཅིག་ཀྱང་མེད་པ་དང་། དེར་བརྟེན་འགྲེལ་བཤད་རྒྱག་མཁན་གྱིས་དབུགས་རིང་བཏང་ནས་འགྲེལ་བཤད་བརྒྱབ་དོན། འགྲེམ་སྟོན་ཁང་འདི་༡༩༧༥་ནས་༧༩་བར་དུ་ཁེམ་བྷོ་ཌི་ཡ་རྒྱལ་ཡོངས་སུ་ཁུ་མེར་རུ་ཇི་དམར་ཤོག་གིས་དབང་སྒྱུར་བྱས་པའི་རིང་དེར་མི་གསོད་ཁྲག་སྦྱོར་བྱ་ཡུལ་གྱི་བཙོན་ཁང་གཙོ་བོ་ཞིག་ཡིན། ཁུ་མེར་རུ་ཇི་དམར་ཤོག་གིས་ཁེམ་བྷོ་ཌི་ཡར་དབང་སྒྱུར་བྱས་པའི་རིང་ལ་མི་ས་ཡ་༡་དང་འབུམ་༧་དམར་གསོད་བྱས་པ་མ་ཟད། རྒྱ་ནག་གིས་ཁུ་མེར་རུ་ཇི་དམར་ཤོག་གཞུང་ལ་རྒྱབ་སྐྱོར་བྱས་ནས་ཕོལ་ཕོ་ཐེས་སྲིད་དབང་བཟུང་བ་དང་། ངས་རྣམ་པ་ཚོར་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཡོད་དམ་ཞེས་འདྲི་དོན་དེ་འདྲ་ཡིན། ང་ཚོས་ཕོལ་ཕོ་ཐེས་སྲིད་དབང་བཟུང་ནས་ཁེམ་བྷོ་ཌི་ཡའི་མི་མང་ས་ཡ་༢་མ་ཟིན་ཙམ་ཞིག་དམར་གསོད་བྱས་པ་དེར་རྒྱ་ནག་འབྲེལ་བ་ཡོད་ཅེས་ལོ་རྒྱུས་ངོ་མ་འགྲེལ་བཤད་བརྒྱབ་ན་རྒྱ་ནག་ནས་ཡོང་ནས་ལྟ་སྐོར་པ་ཚོ་ཁོང་ཁྲོ་ཟ་སྟེ། ཁོང་ཚོས་གནས་ཚུལ་དེ་བདེན་པ་མ་རེད་ཟེར་པ་དང་། དེ་ནས་ཁོ་ཚོས་ད་ལྟ་ང་ཚོ་གྲོགས་པོ་རེད། འདས་ཟིན་པའི་གནས་ཚུལ་དེ་དག་གླེང་སློང་མ་བྱ་ཟེར་གྱིན་འདུག་ཅེས་ལྟ་སྐོར་པ་ཚོར་འགྲེལ་བཤད་བརྒྱབ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG