ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་པ་རི་ཀ་ཉི་ཧོང་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། གཟའ་ཟླ་བའི་ཉིན་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ལ་ཉི་ཧོང་གི་སྲིད་བློན་ཤཱིན་ཟོ་ཨ་བྷེ་དང་རྒྱལ་སྲུང་བློན་ཆེན་ན་ཀ་ཏ་ཎི་གཉིས་ཀྱིས་ཐུག་འཕྲད་བྱས་ཏེ། ཁོང་ཚོས་རྒྱ་གར་དང་ཉི་ཧོང་གི་རྒྱལ་སྲུང་འབྲེལ་བ་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་བསྐྱར་ཟློས་བྱས་ཡོད་ཅིང་། ན་ནིང་ཕྱི་ཟླ་༡༡་ནང་བསྐོ་བཞག་བྱས་པའི་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་པ་རི་ཀ་ཕྱི་ཟླ་༣་ཚེས་༢༩་ནས་ཕྱི་ཟླ་༤་ཚེས་༡་བར་དུ་ཉི་ཧོང་ལ་འཚམས་འདྲིར་ཕེབས་འདུག རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་པ་རི་ཀས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ང་ཚོས་རྒྱ་གར་དང་ཉི་ཧོང་གི་འབྲེལ་བ་སྲ་བརྟན་གཏོང་གི་ཡོད་པ་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀར་ཁེ་ཕན་ཡོད་པ་གཅིག་པུ་མིན་པ་དང་། ཉི་ཧོང་དང་རྒྱ་གར་གྱི་མཉམ་འབྲེལ་འདི་ཨེ་ཤི་ཡའི་ཞི་བདེ་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོབ་ལའང་གལ་འགངས་ཆེན་པོ་ཡིན། ང་ཚོས་ཉི་ཧོང་ལ་མཉམ་འབྲེལ་བྱས་ནས་རྒྱལ་སྲུང་གི་ཡོ་བྱད་དང་འཕྲུལ་རིག་ལག་རྩལ་མང་ཙམ་འཐོབ་ཐུབ་པའི་རེ་བ་འཆང་ཡོད་ཅེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG