ངོ་འཕྲད་བདེ་བའི་དྲ་འབྲེལ།

གསང་བའི་སྒོ་ནས་དགེ་འདུན་པ་ཞིག་འཛིན་བཟུང་བྱས་པ།


གསང་བའི་སྒོ་ནས་དགེ་འདུན་པ་ཞིག་འཛིན་བཟུང་བྱས་པ།

ཉེ་ཆར་སོག་ཙན་དན་དགོན་པའི་དགེ་འདུན་པ་བདུན་མཚན་མོ་གསང་བའི་སྒོ་ནས་རྫོང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱེས་པའི་རྗེས། གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པའི་སྐབས་འདིར། བསྐྱར་དུ་སོག་ཙན་དན་དགོན་པའི་དགེ་འདུན་པ་ཞིག་འཛིན་བཟུང་བཙན་ཁྲིད་བྱེས་ཡོད་འདུག སྤྱི་ཟླ་གསུམ་པ་ནས་བཟུང་སོག་ཙན་དན་དགོན་པའི་གླིང་དཀྱིལ་དུ་གསང་བའི་པར་ཆས་ལྔ་བཅུ་ཙམ་བཙུགས་ཏེ་དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོགས་ནན་མོ་བྱེད་བཞིན་པ་དང་། ལྷག་དོན་དུ་དགོན་པ་འདི་ནས་མདོ་སྨད་ཕྱོགས་སུ་སློབ་གཉེར་ལ་ཕེབས་མཁན་དགེ་འདུན་པ་ཚོ་ཕྱིར་རང་ཡུལ་དུ་ལོ་གསར་གཏོང་བར་འབྱོར་སྐབས་འཛིན་བཟུང་བྱེས་ཟིན་པ་ཡང་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། རེབ་གོང་ཕྱོགས་སུ་༼བོད་རང་བཙན་དང་འབྲེལ་བའི་ཁྲིམས་འགལ་དོན་ཚན་ཉུ་ཤུ།༽ཞེས་པ་དེའི་ཁོངས་སུ། བོད་མི་ཚོས་སྐད་འཕྲིན་སོགས་སུ་བོད་རང་བཙན་དང་འབྲེལ་བའི་འདྲ་པར་དང་། གནས་ཚུལ་བརྒྱུད་འགོད་དང་ཉར་ཚགས་བྱས་པ་ཡིན་ན་ཁྲིམས་ཐག་ནན་མོ་གཅོད་རྒྱུ་ཡིན་ཞེས་པའི་དོན་ཚན་དེ་དང་འབྲེལ་བའི་སྲིད་ཇུས་དེ། བོད་ཁུལ་ཁྱོན་ཡོངས་སུ་ལག་བསྟར་བྱས་ཏེ་ཙན་དན་དགོན་པའི་དགེ་འདུན་པ་ཚོ་འཛིན་བཟུང་བྱེད་དོན་ཡང་དྲ་རྒྱའི་བརྒྱུད་ལམ་དུ་གནས་ཚུལ་བརྒྱུད་བསྒྲགས་བྱེད་པ་དང་འབྲེལ་བ་ཡོད་པ་ཚོད་དཔག་བྱེད་བཞིན་པ་རེད


XS
SM
MD
LG