ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་ཕྷི་རི་ཀ་བ་རྣམས་ཟ་ཁང་ནང་ཡོང་རྒྱུར་དམ་དྲག་བྱེད་མཁན་ཀྭེན་ཡའི་རྒྱལ་ས་ནྭའི་རོ་བྷི་ནང་གི་རྒྱ་མིའི་ཟ་ཁང་ཞིག་གི་བདག་པོ་འཛིནབཟུང་བྱས་ཡོད་པ།


Kenya China
Kenya China

༄༅།། རྒྱ་མིའི་ཟ་ཁང་གི་ཟུང་འབྲེལ་བདག་པོ་ཞིག་གིས། ཨ་ཕྷི་རི་ཀ་བ་རྣམས ཀྱིས། བདེ་འཇགས་ལ་ཉེན་ཚབས་བཟོ་གི་ཡོད་ལུགས་བརྗོད་དེ། ཕྱི་དྲོའི་ཚོུད་ ལྔ་པའི་མཇུག་ཏུ། ཨ་ཕྷི་རི་ཀ་བ་རྣམས་ཟ་ཁང་དེའི་ནང་ཡོང་རྒྱུར་དམ་དྲག་ བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་པའི་རྗེས། ཀྭེན་ཡ་ཡུལ་གྱི་ནང་དུ་རྒྱ་ནག་གིས་ འཛུགས་བསྐྲུན་གྱི་ལས་འཆར་རྒྱ་ཆེ་སྤེལ་བཞིན་པའི་གནད་དོན་ཁག་གི་ཐད། ཀྭེན་ཡའི་མི་མང་གིས་བློ་འཚབ་བྱེད་འགོ་ཚུགས་ཡོད་པ་རེད། ཨ་ཕྷི་རི་ཀ་བ་རྣམས་ལ་ལྟ་སྟངས་མི་ལེགས་པའི་སྲིད་བྱུས་འཛིན་མཁན་ ཀྭེན་ཡའི་རྒྱལ་ས་ནྭའི་རོ་བྷི་ནང་དུ་ཡོད་པའི་རྒྱ་མིའི་ཟ་ཁང་ཞིག་གི་བདག་པོ་ དེས། ཟ་ཁང་གཉེར་ཆོག་པའི་ཁྲིམས་མཐུན་གྱི་ལག་འཁྱེར་མེད་པར་ཟ་ཁང་ གསར་འཛུགས་བྱས་པའི་ཉེས་འཛུགས་བྱས་ཏེ། ཟ་ཁང་གི་བདག་པོ་དེ་འཛིན་ བཟུང་བྱས་ཡོད་པརེད།

XS
SM
MD
LG