ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩
ཕ་ཡུལ་གླེང་སྟེགས།

ཁམས་སོག་ཙན་དན་དགོན་དང་ཤག་རོང་བོ་དགོན་དུ་འཛིན་བཟུང་བཀག་ཉར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།།ཕྱི་ལོ་༢༠༡༥་ཟླ་༣་ཚེས་༢༣། གཟའ་ཟླ་བའི་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་ཁམས་ནག་ཆུ་ས་ཁུལ་དུ་དམ་དྲག་བྱས་ནས་མི་སྣ་བཙན་ཁྲིད་དང་བཀག་ཉར་བྱེད་བཞིན་པ་དང་། སོག་ཙན་དན་དགོན་པའི་གྲྭ་བ་བརྒྱད་འཛིན་བཟུང་བྱས་ནས་དགེ་འདུན་པ་ཞིག་ལོ་བཅོ་ལྔའི་རིང་བཀག་ཉར་བྱས་པའི་ཐད་མདོ་ཁམས་སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་སྐྱིད་སྡུག་གི་ཚོགས་གཙོ་ངག་དབང་ཐར་པ་ལགས་དང་བགྲོ་གླེང་ཞུས་པ་ཡིན།། ངག་དབང་ཐར་པ་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་༢༠༡༥་ཟླ་གསུམ་པའི་ཚེས་༢༠་ཉིན་སོག་ཙན་དན་དགོན་པའི་གྲྭ་བློ་བཟང་ཟླ་བ་ལགས་བཙན་ཁྲིད་བྱས་པ་དང་། ཟླ་གསུམ་པའི་ཚེས་ ༡༤ དགོང་མོ་སོག་རྫོང་ཙན་དན་དགོན་པའི་གྲྭ་རྣམ་རྒྱལ་ཚུལ་ ཁྲིམས་ལགས་དང་། གྲྭ་བློ་གྲོས་བསྟན་འཛིན་ལགས། གྲྭ་ཚུལ་ཁྲིམས་སྒོ་འབྱེད་ལགས། གྲྭ་ཚུལ་ཁྲིམས་རྣམ་རྒྱལ་ལགས། གྲྭ་ཐབས་མཁས་ལྷུན་འགྲུབ་ལགས། གྲྭ་འཇིགས་མེད་ཚུལ་ཁྲིམས་ལགས། གྲྭ་འཇིགས་མེད་གྲགས་པ་ལགས་བཅས་དགེ་འདུན་པ་བདུན་བཅས་ཉེ་ཆར་རྒྱ་གཞུང་གི་ཉེན་རྟོག་པས་ཉུང་མཐར་ཡང་དགེ་འདུན་པ་བརྒྱད་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག རྒྱ་གཞུང་གི་ཉེན་རྟོག་པས་ཁོང་རྣམ་པ་འཛིན་བཟུང་བྱེད་པའི་རྒྱུ་མཚན་འགྲེལ་ བརྗོད་བྱས་མེད་པ་དང་། ས་ཕྱོགས་གང་དུ་བཙོན་འཇུག་བྱས་ཡོད་མེད་ཤེས་རྟོགས་ཐུབ་མེད།།

XS
SM
MD
LG