ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གཞུང་འབྲེལ་མ་ཡིན་པའི་བོད་མིའི་ཚོགས་པ་ཁག་གིས་བོད་ཀྱི་ཆུ་བོ་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་ཡོད་པ།


ཕྱི་ཟླ་གསུམ་པའི་ཚེས་༢༢ཀྱི་ཉིན་མོ་དེ་ནི། འཛམ་གླིང་གི་ཆུ་བོ་སྲུང་སྐྱོབ་ཀྱི་ཉིན་མོ་ཡིན་པས། དེ་ཉིན། བཙན་བྱོལ་བོད་མིའི་ལྟེ་གནས་རྒྱ་གར་རྡ་རམ་ས་ལར། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་བུད་མེད་ལྷན་ཚོགས་བཅས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཉིས་མཉམ་འབྲེལ་གྱི་ཐོག་ནས་ལས་འགུལ་སྤེལ་ཏེ། མཐོ་སྒང་བོད་ཀྱི་ཆུ་བོ་རྣམས་སྲུང་སྐྱོབ་བྱ་རྒྱུར། ཆུ་བོ་དེ་དག་རྒྱུ་སའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱིས་འགན་འཁུར་ལེན་དགོས་པའི་འབོད་བསྐུལ་བྱས་ཡོད་འདུག གོང་ཞུས་ཚོགས་པ་གཉིས་ཀྱིས་སྣེ་ཁྲིད་དེ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས། བཞུགས་སྒར་རྡ་རམ་སའི་ཁྲོམ་གཞུང་ཐོག ཆུ་འགོ་བོད་ལ་ཐུག་པའི་ཆུ་བོ་རྒྱུ་སའི་ཨེ་ཤི་ཡེའི་རྒྱལ་ཁབ་ཁག་གི་གཞུང་འཛིན་འགོ་ཁྲིད་ཚོས། བོད་ཀྱི་ཆུ་བོ་རྣམས་སྲུང་སྐྱོབ་བྱེད་དགོས་པའི་འབོད་ཚིག་སྒྲོག་པ་དང་། འཁྲབ་སྟོན་བྱས་པ་སོགས་ཀྱི་ལམ་ནས་རྒྱལ་སྤྱིའི་ཉིན་མོ་དེར་སྲུང་བརྩི་ཞུས་ཡོད་པ་རེད།།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG