ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨོ་ལིམ་པིག་རྩེད་འགྲན་ཚོགས་པར་རྒྱ་ནག་ལ་རྩེད་འགྲན་མགྲོན་བདག་བྱེད་དུ་བཅུག་རྒྱུ་མེད་པའི་ཞུ་ཡིག


ཨིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་དང་རྒྱལ་སྤྱིའི་ལས་འགུལ་ཚོགས་པ་ཁག་༡༧༥ལྷག་མཉམ་རུབ་ཐོག་ཕྱི་ཚེས་༡༩འི་ཉིན་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་འགན་འཛིན་ལྷན་ཚོགས་ལ་ཞུ་ཡིག་ཅིག་ཕུལ་བའི་ནང་ ཕྱི་ལོ་༢༠༢༢ལོའི་དགུན་དུས་ཀྱི་ཨོ་ལིམ་པིག་རྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་ལ་བྱེད་དུ་འཇུག་རྒྱུ་མེད་ལུགས་ཉེན་བརྡ་བཏང་སྟེ་ གལ་ཏེ་རྒྱ་ནག་ལ་རྩེད་འགྲན་དེ་གོ་སྒྲིག་བྱེད་རྒྱུའི་གོ་སྐབས་སྤྲད་པ་ཡིན་ན་ རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་འགན་འཛིན་ལྷན་ཚོགས་ནས་སླར་ཡང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེའི་ནོར་འཁྲུལ་གཏོང་གི་རེད་ཅེས་བཀོད་ཡོད་པའི་སྐོར་བོད་རང་དབང་ཚགོས་པའི་ཚོགས་གཙོ་ཨེ་ལེསི་ཀྲེར་གྱིས་འདི་གའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གནང་བརྗོད་ཡོད་པ་རེད།

XS
SM
MD
LG