ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བུ་མོའི་ཤེས་ཡོན་གོང་མཐོར་གཏོང་རྒྱུར་ཨ་རི་དང་ཉི་ཧོང་མཉམ་ལས་བྱ་རྒྱུའི་གསལ་བསྒྲགས།


ཨ་མི་རི་ཀའི་སྲིད་འཛིན་གྱི་སྐུ་ཟླ་ལྕམ་མི་ཤལ་ཨཽ་བྷ་མ་ཡིས། རྒྱལ་སྤྱིའི་ནང་། བུ་མོའི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་ལས་འཆར་ཞིག་གི་ཐད། ཨ་མི་རི་ཀ་དང་ཉི་ཧོང་མཉམ་ལས་བྱ་རྒྱུའི་གསལ་བསྒྲགས་གནང་ཡོད་ཅིང་། དེ་ཡང་། ལྕམ་ཨཽ་བྷ་མས་བུ་མོའི་ཤེས་ཚད་གོང་མཐོར་གཏོང་རྒྱུའི་ལས་དོན་ལ་ཤུགས་སྣོན་བརྒྱབ་རྒྱུའི་ཆེད་དུ། ཉི་ཧོང་ནང་ཕེབས་འབྱོར་གནང་ཡོད་པ་དང་། རེས་གཟའ་ཕུར་བུའི་སྔ་དྲོ། ཉི་ཧོང་གི་རྒྱལ་ས་ཀྲོ་ཀི་ཡོའི་ནང་། ཁོང་གིས། སློབ་ཕྲུག་བུ་མོ་ཁེ་གཙང་འདུ་འཛོམས་བྱས་པའི་ཐོག་གསུང་བཤད་གནང་སྟེ། གོང་གི་གསལ་བསྒྲགས་དེ་གནང་ཡོད་པ་རེད། དོ་འཁུར་ཆེན་པོས་ཁོང་གི་གསུང་བཤད་ཉན་པར་སླེབས་པའི་ཉི་ཧོང་གི་སློབ་ཕྲུག་བུ་མོ་དེ་རྣམས་ལ་ལྕམ་ཨཽ་བྷ་མ་ཡིས། རང་ཉིད་དཔེ་མཚོན་དུ་བཞག་སྟེ། གལ་ཏེ་སྐྱེས་ཕོ་མོ་དང་། འཚོ་བའི་གནས་སྟངས་བཟང་ངན་གྱི་དབྱེ་བ་མེད་པར། མི་ཚང་མར་ཤེས་ཡོན་སློབ་གསོའི་གོ་སྐབས་འདྲ་མཉམ་ཐོབ་པ་ཡིན་ན། ཁྱིམ་ཚང་ཉམ་ཆུང་གི་བུ་མོ་ང་ལྟ་བུ་ཞིག་ཀྱང་། ད་ལྟའི་གནས་བབས་འདི་འདྲ་ཞིག་གི་ཐོག་བསླེབས་ཐུབ་པའི་གོ་སྐབས་ཡོད་པ་ཞིག་རེད་ཅེས་གསུངས་ཏེ། རང་ཉིད་བུ་མོ་ཡིན་པར་གཉའ་མ་ཆག་པར། དམིགས་ཡུལ་ཆེན་པོ་འཛིན་ཏེ། ཤུགས་སྣོན་བརྒྱབས་པ་ཡིན་ན་གྲུབ་མ་ཐུབ་པ་གང་ཡང་མེད་ཅེས་སྐུལ་མ་གནང་ཡོད་པ་རེད།།

XS
SM
MD
LG