ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་གི་རྒྱ་མི་ཚོར་བདེ་འཇགས་སྲུང་སྐྱོབ་ཀྱི་སློབ་སྟོན།


རྒྱ་གཞུང་གིས་ཞིན་ཅང་གི་ས་གནས་ཤིག་ལ་བརྡ་ཁྱབ་བཀྲམ་པ་ཞིག་ཕྱི་ཟླ་༣་ཚེས་༡༩་ཉིན་ཕྱི་ལ་ཐོན་པ་དེར་འཁོད་པ་ལྟར་ན། ཞིན་ཅང་གི་ཨ་ཤི་སྒར་གྲོང་ཁྱེར། ཁར་གྷི་ལིཀ་རྫོང་གི་མངའ་འོག་ཏུ་གནས་སྡོད་བྱེད་མཁན་རྒྱ་མི་ཚོས་རང་གི་བདེ་འཇགས་སྲུང་སྐྱོབ་ལ་ངེས་པར་དུ་གྲ་སྒྲིག་བྱ་དགོས་པའི་དོན་ཚན་བཅུ་གྲ་སྒྲིག་བྱ་དགོས་ཞེས་བཤད་ཡོད་ཅིང་། བརྡ་ཁྱབ་དེར་རྒྱ་མི་རིགས་ཡིན་པ་རྣམས་ས་གནས་གཅིག་ཏུ་འདུ་སྡོད་བྱ་དགོས་པ་དང་རྐུན་མ་འགོག་པའི་སྒོ་དང་སྒེའུ་ཁོང་མཁྲེགས་པོ་འཛུགས་རྒྱུ། རྐུན་མ་མི་ཐར་པའི་སྒེའུ་ཁུང་འཛུགས་དགོས་པ་དང་ཉེན་རྟོག་པར་འབྲེལ་བ་བྱ་སའི་མིང་བྱང་འགྲེམ་སྤེལ་བྱ་རྒྱུ། འབར་རྫས་ཀྱི་གཏོར་རྒོལ་འགོག་པའི་མཐུན་རྐྱེན་གྲ་སྒྲིག་བྱ་དགོས་པ་དང་ཁྱིམ་ཚང་རེས་ཁྱི་རེ་གསོ་རྒྱུ། ཁང་པའི་ནང་ལ་ཉེན་བརྡ་གཏོང་བའི་འཕྲུལ་ཆས་འཛུགས་རྒྱུ་དང་ཁང་པར་རྩིག་གྱང་མཐོན་པོ་བསྐོར་རྒྱུ། ཁང་པར་ལྟ་རྟོག་བྱེད་སྤྱད་པར་ཆས་འཛུགས་དགོས་པ་དང་་མེ་གསོད་སྤྱད་ཀྱི་ཅ་ལག་གྲ་སྒྲིག་བྱ་དགོས་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG