ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྫས་འགྱུར་གྱིས་རྒོལ་བརྡུང་བཏང་བར་འབར་མའི་དགེ་འདུན་པ་གཉིས་ཀྱིས་ཁ་མཆུ་རྒྱག་གི་ཡོད་པ།


དེ་སྔ་འབར་མ་དང་ དེང་སྐབས་མིའན་མར་ཞེས་མིང་འགྱུར་བྱས་པའི་ཡུལ་དེའི་ཟངས་ཀྱི་གཏེར་ཁ་སྔོག་འདོན་བྱ་རྒྱུ་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ལས་འཆར་ཞིག་ལ་ ཕྱི་ལོ་ཉིས་སྟོང་བཅུ་གཉིས་ཀྱི་ལོར་ ས་གནས་ཀྱི་ཡུལ་མིས་ངོ་རྒོལ་བྱེད་པའི་སྐབས་ གཞུང་གི་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་ལ་མཆི་འབྱིན་འབར་རྫས་དང་ རྫས་འགྱུར་གྱི་འབར་མདེལ་བེད་སྤྱོད་བྱས་ཏེ་རྒོལ་བརྡུང་བཏང་བའི་རྐྱེན་གྱིས་ ངོ་རྒོལ་བྱེད་མཁན་མང་པོའི་ལུས་པོ་འཚིགས་ཏེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་སྟབས་ དེ་འདྲའི་གནོད་འཚེ་ཕོག་མཁན་གྲས་དགེ་འདུན་པ་གཉིས་ཀྱིས་ ཡུལ་དེའི་ནང་སྲིད་བློན་ཆེན་དང་ ཉེན་རྟོག་པའི་སྤྱི་ཁྱབ་ ཁྲིམས་ལ་སྦྱར་གྱི་ཡོད་འདུག་ གནས་ཚུལ་དེ་ནི་ མིའན་མར་གྱི་ནུབ་བྱང་གྲོང་ཚོ་ལེཌ་པཱ་དྷུང་ནང་བྱུང་ཡོད་པ་དང་ དེ་གར་ཟངས་ཀྱི་གཏེར་ཁ་ཞིག་ཡོད་པ་དེ་ རྒྱ་ནག་གཞུང་གི་བཟོ་ཚོང་ཁང་ཞིག་དང་ མིའན་མར་གཞུང་གི་བཟོ་ཚོང་ཁང་ཞིག་མཉམ་འབྲེལ་གྱི་ཐོག་ནས་གཉེར་ཏེ་ ལོ་རེ་བཞིན་སྔོག་འདོན་བྱ་ཡུལ་གཞི་རྒྱ་ཆེ་རུ་གཏོང་གི་ཡོད་པའི་རྐྱེན་གྱིས་ ས་གནས་ཀྱི་ཡུལ་མི་མང་པོ་བཙན་བཤེད་ཀྱིས་གནས་སྤོ་མི་བྱ་ཐབས་མེད་དུ་གྱུར་གྱི་ཡོད་སྟབས་ དེ་ལ་༢༠༡༢ལོར་་ས་གནས་ཀྱི་གྲོང་མི་རྣམས་ཀྱིས་ངོ་རྒོལ་བྱེད་པའི་སྐབས་ གཞུང་གི་ཉེན་རྟོག་པས་མཆི་འབྱིན་འབར་རྫས་དང་ ལུས་པོ་འཚིག་བྱེད་ཀྱི་རྫས་འགྱུར་གྱི་འབར་མདེལ་བེད་སྤྱོད་བྱས་པར་བརྟེན་ནས་ ངོ་རྒོལ་བྱེད་མཁན་བརྒྱ་ལྷག་ལ་རྨས་སྐྱོན་ཚབས་ཆེ་བྱུང་ཡོད་པ་རེད།

XS
SM
MD
LG