ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་ལོ་འཁོར་སྙན་ཐོ་བཏོན་ཡོད་ཅིང་། སྙན་ཐོ་དེར་༢༠༡༤་ལོར་རྒྱ་ནག་གཞུང་གིས་རང་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་༡༠༠༠་མ་ཟིན་ཙམ་ཞིག་བཀག་ཉར་བྱས་ཏེ། སྲིད་འཛིན་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་གཞུག་དང་ལྷག་པར་དུ་ལོ་རབས་༩༠་བའི་དཀྱིལ་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་ཐབས་རྡུགས་ཀྱི་གནས་སུ་ལྷུང་ཡོད། ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གཞུང་གིས་སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་ཁག་ལ་ཡ་ང་དང་ཚོད་འཛིན་མེད་པའི་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། རྒྱ་ནག་ལ་ཁྲིམས་ལྡན་གྱི་སྤྱི་ཚོགས་ཤིག་གཏན་ནས་མེད་པའི་ཁོར་ཡུག་དེ་སྔར་ལས་ཇེ་ཆུང་དུ་སོང་ཡོད། རྒྱ་ནག་གཞུང་གིས་རྡུང་རྡེག་གཏོང་ཡུལ་གཙོ་བོ་ཞིག་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སོགས་ཡིན། ད་ལྟའི་དམ་དྲག་འདི་འདྲ་ཞིག་༡༩༨༩་ལོར་རྒྱ་ནག་ལ་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལངས་ནས་བཟུང་སྟེ་བྱུང་མྱོང་མེད་ཅེས་འཁོད་ཡོད་པ་རེད།།

XS
SM
MD
LG