ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་དབང་བསྒྱུར་བྱེད་ཕྱོགས་ལ་བློ་འཚབ་བྱེད་ཀྱི་ཡོད་པ་ངོས་ལེན་བྱེད་ཀྱི་མེད་པ།


རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་དབང་བསྒྱུར་བྱེད་ཕྱོགས་ལ་བློ་འཚབ་བྱེད་ཀྱི་ཡོད་པའི་ཐད་ཡུལ་དེའི་སྲིད་བློན་ལི་ཀེ་ཅང་གིས་ངོས་ལེན་མི་བྱེད་པ་དང་ཆབས་ཅིག་ ཧོང་ཀོང་གི་དམིགས་གསལ་མངའ་ཁུལ་གྱི་སྲིད་གཞུང་དང་ སྲིད་གཞུང་དེའི་སྤྱི་ཁྱབ་འགན་འཛིན་བཅས་ལ་རྒྱ་ནག་གཞུང་ངོས་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་འཆར་ཡོད་ལུགས་བརྗོད་ཡོད་པ་རེད་ འོན་ཀྱང་ ན་ནིང་ཧོང་ཀོང་གི་ནང་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་སྣེ་ཁྲིད་དེ་ ས་གནས་མང་ཚོགས་ཀྱིས་ཧོང་ཀོང་གི་མ་འོང་པའི་འགོ་ཁྲིད་ཧོང་ཀོང་ས་གནས་མི་མང་གིས་ཐད་ཀར་འོས་འདེབས་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་དགོས་འདུན་བཏོན་ཏེ་གཞི་རྒྱ་ཆེ་བའི་ངོ་རྒོལ་ཉིན་མང་པོ་བསྟུད་མར་བྱས་པའི་གནད་དོན་ཐད་གནས་འདྲི་བྱས་པའི་སྐབས་ ལི་ཀེ་ཅང་གིས་ཐད་ཀར་ལན་འདེབས་མ་བྱས་པར་ གཡོལ་ཐབས་བྱས་ཡོད་པ་རེད།

XS
SM
MD
LG