ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་༤༤ བཀག་ཉར།


ཕྱི་ཟླ་༣་ཚེས་༡༢་ཉིན་བོད་ཀྱི་བུད་མེད་ཚོས་རང་དབང་སྒེར་བྱས་ནས་ལོ་༥༦་འཁོར་པའི་དུས་དྲན་དང་བསྟུན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་གར་གྱི་རྒྱལ་སྒོ་ཆེན་ཞེས་པའི་ས་གནས་གྲགས་ཅན་དེའི་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོིག་ལས་འགུལ་སྤེལ་མཁན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཕོ་མོ་༤༤་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང་། འཛིན་བཟུང་བྱས་པའི་བོད་པའི་གཞོན་སྐྱེས་དེ་དག་དང་ཐུག་འཕྲད་སོགས་བྱེད་དུ་བཅུག་གི་མེད་སྟབས་འདི་ག་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་ཞལ་པར་བརྒྱུད་ནས་བཀག་ཉར་འོག་ཏུ་ཡོད་པའི་བོད་ཀྱི་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་སུ་ཁོང་ཚོའི་ལས་འགུལ་གྱི་དམིགས་ཡུལ་དང་ད་ལྟའི་གནས་སྟངས་སོགས་ལ་བཀའ་འདྲི་ཞུས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG