ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྐོག་ས་རུལ་སུངས་ཀྱི་དོགས་གཞིའི་འོག་ཤིན་ཅང་གི་འགོ་ཁྲིད་ཟུར་པ་ཞིག་ལ་ཞིབ་བཤེར།


ཕྱི་ལོ་༢༠༠༩ལོར་རྒྱ་ནག་གི་མངའ་འོག་ཏུ་ཡོད་པའི་ཤིན་ཅང་མངའ་ཁུལ་དུ་དྲག་ཟིང་གི་གནས་ཚུལ་ཧ་ཅང་ཚབས་ཆེ་ཞིག་བྱུང་བའི་རྗེས་ ལྐོག་ས་རུལ་སུངས་དང་འབྲེལ་བ་ཡོད་པར་དོགས་གཞི་བྱེད་སའི་མངའ་ཁུལ་དེའི་འགོ་ཁྲིད་ཟུར་པ་ཞིག་ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་ཀྱི་ཡོད་ལུགས་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ལྐོག་ས་རུལ་སུངས་ཀྱི་གནད་དོན་ལ་ལྟ་རྟོག་བྱེད་མཁན་ཞིག་གིས་བརྗོད་ཡོད་པ་རེད་ དེ་ཡང་ལོ་ངོ་དྲུག་གི་གོང་དུ་ཕལ་ཆེ་བ་ཡུ་གུར་ཁ་ཆེ་མི་རིགས་ཡིན་པའི་ཤོག་ཁག་གཅིག་དང་ གྲངས་མང་རྒྱ་མི་རིགས་ཤོག་ཁག་ཕན་ཚུན་དྲག་ཟིང་བྱུང་སྟེ་མི་གྲངས་༢༠༠མིན་ཙམ་ཞིག་ལ་སྲོག་སྐྱོན་བྱུང་བའི་རྗེས་ཤིན་ཅང་མངའ་ཁུལ་གྱི་རྒྱལ་ས་ཨུ་རུ་མུ་ཆིའི་དམར་ཤོག་ཚོགས་པའི་དྲུང་ཆེ་ལི་ཊི་ལ་རྒྱུ་མཚན་འགྲེལ་བརྗོད་གང་ཡང་མ་བྱས་པར་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་རེད།

XS
SM
MD
LG