ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་གསུམ་པའི་ཚེས་༡༢ཉིན་མོ་དེ་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་བོད་པའི་བེུད་ཚོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་དྲན་གསོའི་ཉིན་མོ་ཞིག་ཡིན་སྟབས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ནས་གོ་སྒྲིག་འོག་ སྐབས་དེའི་བེུད་ཚོའི་སྙིང་སྟོབས་ལ་གུས་ཞབས་དང་རྗེས་དྲན་ཞུ་ཆེད་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དཔའ་བོའི་དྲན་རྟེན་རྡོ་རིང་གི་མདུན་དུ་དྲན་གསོའི་མཛད་སྒོ་ཞིག་གནང་ཡོད་པ་རེད་ དེའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG