ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སའོ་རྡི་ཨ་ར་བྷི་ཡ་འཛམ་གླིང་ནང་མཚོན་ཆ་ནང་འདྲེན་བྱེད་མཁན་གཙོ་བོ་ཞིག་ཏུ་གྱུར།


གོ་ལ་ཡོངས་ནང་སྲུང་སྐྱོབ་དང་འབྲེལ་བའི་དམག་དོན་ཡོ་ཆས་ཀྱི་ཚོང་ལས་དེ་ལོ་དྲུག་བསྟུད་མར་ཆེ་རུ་ཕྱིན་ཏེ་ སྔ་ལོ་ཟིན་ཐོ་ལྟར་ཨ་སྒོར་ཐེར་འབུམ་དྲུག་ཅུ་རེ་བཞི་དང་གྲངས་ཆུང་བཞི་ལ་སླེབས་པའི་སྐབས་ ཕྱི་ལོ་༢༠༡༤ལོར་ སའོའི་རྡི་ཨ་ར་བྷི་ཡ་འཛམ་གླིང་ནང་མཚོན་ཆ་ནང་འདྲེན་བྱེད་མཁན་རྒྱལ་ཁབ་གཙོ་བོ་ཞིག་ལ་གྱུར་ཡོད་པ་དང་ མཚོན་ཆ་མཁོ་སྤྲོད་མང་དུ་འགྲོ་དགོས་པའི་རྒྱུ་རྐྱེན་ནི་ ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ དེ་བཞིན་དཀྱིལ་ཤར་ཡུལ་གྲུ་ནང་དངངས་འཚབ་ཀྱི་གནས་ཚུལ་ཇེ་ཆེར་འགྲོ་བ་དང་ དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་ཡུལ་ཁག་ཚོས་ དམག་དོན་གནམ་གྲུ་དགོས་མཁོ་ཇེ་མང་དུ་འགྲོ་བ་ཡིན་ལུགས་ གོ་ལ་ཡོངས་ཀྱི་ཁྲོམ་ར་དང་དཔལ་འབྱོར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དབྱིན་ཚིག་བསྡུས་མིང་དུ་IHS ཁེ་ལས་མཉམ་འདུས་ཀྱིས་བརྗོད་ཡོད་པ་སོགས་གསར་ལམ་ཁག་ནང་ཐོན་པའི་གནས་ཚུལ་ཁག་ནམ་མཁའ་བསྟན་འཛིན་གྱིན་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG