ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་ལམ་ཞུས་པའི་སྙན་ཞུ།


མནར་གཅོད་བཀག་འགོག་བྱེད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ ཚོགས་ཀྱི་ལས་དོན་ཚོགས་ཆུང་ལ་འབུལ་ལམ་ཞུས་པའི་སྙན་ཞུ་ཞིག་གི་ནང་། བོད་ཀྱི་ནང་སྡུག་སྦྱོང་དང་། མནར་གཅོད་དྲག་པོའི་དཀའ་སྡུག་གི་འོག་ལས་ གསོན་པོར་འཚོ་གནས་ཐུབ་ཙམ་གྱི་མི་སྣ་རྣམས་ཀྱི་བདེན་དཔང་གི་ཚིག་ཐོ་ཞིབ་ཕྲ་འཁོད་པ་རྣམས་ཡོད་པ་མ་ཟད། ཕྱི་ལོ་༢༠༠༨ ལོ་ནས་བཟུང་། སྡུག་སྦྱོང་དང་ མནར་གཅོད་ཀྱི་དོན་རྐྱེན་འོག རྐྱེན་འདས་སུ་གྱུར་པའི་གནས་ཚུལ་ཁག་གི་ སྐོར་ཡོད་པ་རེད། རྒྱལ་སྤྱིའི་མནར་གཅོད་བཀག་འགོག་གི་ཁྲིམས་གཞི་དེར། རྒྱ་ནག་གིས་བརྩི་སྲུང་ བྱེད་ཀྱི་ཡོད་མེད་རྒྱལ་སྤྱིའི་མནར་གཅོད་བཀག་འགོག་ལས་དོན་ཚོགས་ཆུང་ གིས། འདི་ལོ་རྒྱ་ནག་གི་ཐད། བསྐྱར་ཞིབ་བྱེད་ཀྱི་ཡོད་པར་བརྟེན། བོད་རང་ དབང་ཚོགས་པ་དང་། བོད་གནས་ཉམས་ཞིབ་ཚོགས་པ། བོད་ཀྱི་ཆབ་སྲིད ་བཙོན་ཟུར་ཚོགས་པ་ དགུ་བཅུ་གསུམ་བཅས་ཀྱིས་འབུལ་ལམ་ཞུས་པའི་སྙན་ ཞུའི་ནང་དོན་རྣམས། མནར་སྤྱོད་བཀག་འགོག་བྱེད་པའི་རྒྱལ་སྤྱིའི་ལས་དོན་ ཚོགས་ཆུང་གིས། སྔོན་འགྲོའི་དཔང་རྟགས་ཀྱི་ཚུལ་དུ་དགོངས་བཞེས་གནང་ ཡུལ་དུ་གྱུར་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG