ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

འཇར་མེ་ནིའི་གྲོང་ཁྱེར་བརྒྱ་ཕྲག་མང་པོའི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པ།


བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༦པའི་ཐོག་ འཇར་མེ་ནིའི་གྲོང་ཁྱེར་བརྒྱ་ཕྲག་མང་པོའི་ནང་ བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཏེ་ རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་ཏེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་མུ་མཐུད་དེ་གཏོང་བར་ངོ་རྒོལ་དང་ བོད་མིའི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསལ་པོ་བསྟན་ཡོད་འདུག་ ཡང་ ར་ཤི་ཡེའི་མངའ་ཁོངས་ཀལ་མུག་གིའེ་རྒྱལ་ས་ཨཱི་ལིསྟཱ་ནང་ བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་མཉམ་འབྲེལ་གྱི་ཐོག་ནས་ གསུམ་བཅུའི་དུས་དྲན་ལ་སྲུང་བརྩིའི་བྱེད་སྒོ་སྤེལ་ཏེ་ སྔ་དྲོ་དེ་གའི་དགོན་པ་ཞིག་ཏུ་འདུ་འཛོམས་བྱས་ནས་ བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་མཁན་རྣམས་ལ་དྲན་གསོ་དང་མྱ་ངན་མཚོན་པའི་ཆེད་དུ་ མཆོད་འབུལ་སྨོན་ལམ་གནང་བ་དང་ དེ་ནས་ཞི་བའི་གོམ་བགྲོད་བྱས་ཡོད་ཅིང་ དེ་དང་ཕྱོགས་མཚུངས་ རྒྱ་གར་ལྷོ་ཕྱོགས་ཁུལ་དུའང་དེ་མཚུངས་ཀྱི་བྱེད་སྒོ་སྤེལ་བའི་ཐོག་ནས་ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༦པར་སྲུང་བརྩི་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG