ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་༣་ཚེས་༡༠་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག བོད་པ་དང་བོད་དོན་རྒྱབ་སྐྱོར་པ་ཚོས་ དེ་སྔོན་༡༩༥༩་ལོའི་ཕྱི་ཟླ་༣་ཚེས་༡༠་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་དམངས་ཀྱིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་གྱེན་ལངས་བྱས་ནས་ལོ་༥༦་འཁོར་པའི་དུས་དྲན་སྲུང་བརྩི་ཞུས་ཡོད་ཅིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་བྱས་པའི་སྐབས་སུ་རྒྱ་གར་གྱི་ཉེན་རྟོག་པས་བོིད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་་ཚོགས་གཙོ་་འཇིགས་མེད་ལགས་གཙོས་མི་བརྒྱ་ལྷག་འཛིན་བཟུང་བྱས་པ་མ་ཟད། ད་དུང་བོད་པ་མང་པོ་ཞིག་དོ་དམ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG