ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

སྤྱི་འཐུས་ཀྱི་ཚོགས་གཙོ་མཆོག་གིས་བོད་ཀྱི་ལོ་རྒྱུས་ཀྱི་དེབ་དབུ་འབྱེད་གནང་བ།


བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས། བོད་དོན་དང་འབྲེལ་བའི་དཔེ་དེབ་གཉིས་དབུ་འབྱེད་གནང་ཡོད་ཅིང་། དེ་ཡང་། ཕྱི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོ། བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་དུ། ས་ར་བོད་ཀྱི་མཐོ་སློབ་ཀྱི་གཞོན་ནུའི་རུ་ཁག་གིས། དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད་པ་དེའི་ཐོག སྤྱི་འཐུས་ཀྱི་ཚོགས་གཙོ་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་གིས། ས་ར་མཐོ་སློབ་བོད་ཀྱི་གཞོན་ནུའི་རུ་ཁག་གིས་འདོན་སྤེལ་གནང་བའི་{ཤིང་སྟག་སིམ་ལའི་ཆིངས་ཡིག་གི་རིན་ཐང་} ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་སྟེ། དཔེ་དེབ་འདི་བརྒྱུད་ནས་དོན་གཉེར་ཅན་དང་། སློབ་གཉེར་བ་མང་པོར། གལ་འགངས་ཆེ་བའི་ཆིངས་ཡིག་དེའི་སྐོར་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པར་བརྟེན། ས་ར་མཐོ་སློབ་ཀྱི་བོད་ཀྱི་གཞོན་ནུའི་རུ་ཁག་གིས་དེའི་ཐད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། དེའི་ཕྱི་ཉིན་དེར། ཡང་། ཚོགས་གཙོ་མཆོག་གིས། བོད་མི་མང་གི་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བོད་དོན་ཞི་བའི་གོམ་བགྲོད་པ་གླིང་རྩ་ཚེ་བསྟན་རྡོ་རྗེ་ལ་རྗེས་དྲན་དང་འབྲེལ་བའི་{རི་ངོག་གཏམ་བརྒྱུད་གཉིས་པ་}ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་གི་ཡོད་པ་རེད།།

XS
SM
MD
LG