ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གིས་རང་གི་ཕྱི་འབྲེལ་གྱི་སྟོབས་ཤུགས་ངོམ་གྱི་ཡོད་པ།


རྒྱ་ནག་གིས་རང་ཉིད་ཕྱི་འབྲེལ་གྱི་ཐད་ནས་སྟོབས་ཆེན་ཡིན་པའི་རྣམ་པ་གསལ་སྟོན་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དཔལ་འབྱོར་དམ་དྲག་གི་ཉེས་ཆད་བཀལ་ཏེ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་ར་ཤི་ཡ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུའི་ཁས་ལེན་བྱས་པ་དང་ཆབས་ཅིག མངའ་ཁུལ་གྱི་ནང་། རང་གི་ཁ་གཏད་གཙོ་བོ་ ཉི་ཧོང་ལ་ ཁ་བརྡུང་བཏང་བ་མ་ཟད། རང་ཉིད་ཨ་མི་རི་ཀ་དང་སྟོབས་ཤུགས་འདྲ་མཉམ་ཡིན་པའི་རྣམ་པ་བསྟན་པ་སོགས་བྱས་ཡོད་འདུག དེ་ཡང་། པེ་ཅིང་དུ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་པའི་ཞོར་དུ། གཟའ་ཉི་མའི་ཉིན་ རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡཱི་ཡིས་གསར་འགོད་ལྷན་ཚོགས་ཤིག་བསྡུ་བསྐོངས་བྱས་ཏེ། གོང་གི་གཏམ་བཤད་དེ་དག་བྱས་པ་དང་སྦྲགས། རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་བཞིན་པ་དེ། རྒྱལ་སྤྱིར་ཉེན་ཁ་བཟོ་གཞི་ཞིག་མ་ཡིན་པར། དེ་ནི། རྒྱལ་སྤྱིའི་ནང་། ཞི་བདེ་དང་བརྟན་ལྷིང་བསྐྲུན་རྒྱུར་ཕན་ཐོགས་ཡོད་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG