ངོ་འཕྲད་བདེ་བའི་དྲ་འབྲེལ།

ས་མཚམས་ཀྱི་གནད་དོན་དེ་དམ་འཛིན་འོག་གནས་ཡོད་ལུགས་རྒྱ་ནག་གིས་བརྗོད་ཡོད་པ།


རྒྱ་གར་གྱི་བྱང་ཕྱོགས་དང་བོད་ཀྱི་ལྷོ་ཕྱོགས་ཁུལ་གྱི་ས་མཚམས་ས་ཁུལ་གྱི་རྩོད་གླེང་ཐད་རྒྱ་དཀར་ནག་གཉིས་ཕན་ཚུན་འགྲིགས་འཇགས་བྱ་རྒྱུའི་གནད་དོན་ཐད་ རི་བོར་འཛེགས་པ་ལྟ་བུའི་ཡར་རྒྱས་གང་ལ་གང་ཙམ་ཕྱིན་ཡོད་ལུགས་རྒྱ་ནག་གིས་འགྲེལ་བརྗོད་བྱས་ཡོད་པ་དང་ དེ་ཡང་ལོ་རེའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཞོར་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ཡིས་ གོང་ཞུས་ཀྱི་གཏམ་བཤད་དེ་བྱས་ཡོད་པ་མ་ཟད་ ཁོང་གིས་ ལོ་འདིའི་ལོ་མཇུག་ཙམ་གྱི་ནང་རྒྱ་གར་གྱི་སྲིད་བློན་ན་རིན་དྷ་ར་མོ་དྷི་ཐོག་མར་རྒྱ་ནག་ལ་རྒྱལ་དོན་འཚམས་འདྲིར་ཕེབས་འཆར་ཡོད་པར་རྒྱ་ནག་གི་ངོས་ནས་དགའ་སྤྲོའི་ངང་ནས་ཕེབས་བསུ་སྣེ་ལེན་ཞུ་རྒྱུར་ངང་འགུགས་བྱས་ནས་བསྡད་ཡོད་པའི་འགྲེལ་བརྗོད་ཀྱང་བྱས་ཡོད་པ་རེད།

XS
SM
MD
LG