ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་རྩོད་གཞི་ཡོད་པའི་རྒྱ་མཚོའི་ཁུལ་ལ་འཛུགས་སྐྲུན་བྱེད་བཞིན་པ།


རྒྱ་ནག་གཞུང་གིས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་གྱི་མཚོ་གླིང་ཁག་གི་ཐོག་འཛུགས་སྐྲུན་གྱི་ལས་དོན་ལག་བསྟར་བྱེད་བཞིན་པ་ཁག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་གསར་འགོད་ལྷན་འཛོམས་ཤིག་གི་ཐོག་འགན་སྲུང་བྱས་ཡོད་པ་རེད། དེ་ཡང་། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་འདུའི་ཞོར་ལ་གསར་འགོད་ལྷན་འཛོམས་ཤིག་འདུ་བསྐོངས་བྱས་པའི་སར། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྦང་ཡི་ཡིསགསུངས་དོན་ལ། རྒྱ་ནག་གིས་གོང་ཞུས་མཚོ་གླེང་ཁག་གི་ཐོག་དགོས་ངེས་ཅན་གྱི་འཛུགས་སྐྲུན་གྱི་ལས་དོན་ལག་བསྟར་བྱེད་བཞིན་ཡོད་པ་དང་། ལས་དོན་དེ་རིགས་ནི་རྒྱ་ནག་གི་མངའ་ཁོངས་ལ་འཛིན་བཞིན་པའི་སྲིད་བྱུས་ལ་འགྱུར་བ་ཐེབས་པ་དེ་འདྲ་མ་ཡིན་པ་དང་། རྒྱལ་ཁབ་གསུམ་པ་ཞིག་ལ་དམིགས་སུ་བཀར་ཏེ་བྱས་པ་དེ་འདྲ་ཡང་མིན་ཞེས་བཤད་ཡོད་འདུག། རྒྱ་ནག་ནི་མི་གཞན་གྱི་ཁང་པའི་ནང་ཁྲིམས་འགལ་གྱིས་འཛུགས་སྐྲུན་ལས་དོན་བྱེད་མཁན་གྱི་རྒྱལ་ཁབ་ཅིག་མ་རེད། སོང་ཙང་། ང་ཚོས་སོ་སོའི་ས་ཁུལ་ལ་འཛུགས་སྐྲུན་བྱས་པར་རྒྱལ་ཁབ་གཞན་གྱིས་ངོ་རྒོལ་དང་སྐྱོན་བརྗོད་བྱས་པ་ཡིན་ན། ང་ཚོས་ངོས་ལེན་བྱེད་ཐབས་མེད། རྒྱ་ནག་ལ་ཁྲིམས་མཐུན་དང་དྲང་བདེན་གྱི་ལས་དོན་བྱ་རྒྱུའི་ཐོབ་ཐང་ཆ་ཚང་ལྡན་ཡོད་ཅེས་ཁོང་གིས་གསར་འགོད་ལྷན་འཛོམས་སྐབས་གཏམ་བཤད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG