ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཇོ་མོ་གླང་མོའི་ཁོར་ཡུག་འབག་བཙོག


འདས་པའི་ལོ་ངོ་༦༢་ཀྱི་རིང་ལ་གངས་རི་འཛེག་མཁན་བཞི་སྟོང་ལྷག་ཙམ་ཕྱི་ཟླ་གསུམ་པ་དང་བཞི་པའི་ནང་ལ་འཛམ་གླིང་གི་གངས་རི་མཐོ་ཤོས་དེར་འཛེག་སྐྱོད་བྱས་ཐུབ་ཡོད་མོད། ཡིན་ནའང་གངས་རི་འཛེག་མཁན་ཚོའི་སྲོག་རླུང་གི་སྣོད་ཆས་ལྕགས་སྦུག་དང་རི་འཛེག་གི་ཡོ་བྱད། གད་སྙིགས་ཀྱི་རིགས་དང་མིའི་བཙོག་གཅིན། གངས་ཁྲོད་དུ་འཆི་སྐྱོན་བྱུང་བའི་མིའི་ཕུང་པོ་སོགས་གང་སར་གཡུགས་ཏེ། དེང་སང་གངས་རི་ཇོ་མོ་གླང་མོའི་ཁོར་ཡུག་དེ་ཉིད་ཧ་ཅང་གི་འབག་བཙོག་ཏུ་གྱུར་ཡོད་པ་དང་། ཇོ་མོ་གླང་མར་ལྷོ་ལམ་དང་ཤར་ལམ་གཉིས་ཡོད་པ་དེ་དག་གི་སྟེང་དུ་ཕྱི་ཟླ་གསུམ་ནས་ཕྱི་ལྔ་པའི་བར་དུ་རི་འཛེག་པ་འཚང་ཁ་ཤིག་ཤིག་ཡོང་གི་ཡོད་པ་མ་ཟད། གངས་རི་དེའི་ལྷོ་ཤར་ལམ་ཁག་གཉིས་བཙོག་པར་གྱུར་ནས་ས་ཆ་ཁ་ཤས་སུ་འཁྱག་པའི་དཀྱིལ་དུ་མིའི་བཙོག་གཅིན་ཡོད་པ་དང་། བཙོག་གཅིན་གྱི་དྲི་ངན་ཕྱོགས་གང་སར་ཁྱབ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG