ངོ་འཕྲད་བདེ་བའི་དྲ་འབྲེལ།

ནོ་བྷེལ་ལྷན་ཚོགས་ཀྱི་འགན་འཛིན་གོ་གནས་ཕབ་ཀྱང་རྒྱ་ནག་གི་ལང་ཕྱོགས་ལ་འགྱུར་བ་མེད་པ།


ལོ་ངོ་དྲུག་ཙམ་ཞིག་གི་རིང་ལ་ནོར་བྷེལ་ཞི་བདེའི་གཟིངས་རྟགས་ཚོགས་ཆུང་གི་འགན་འཛིན་གྱི་ལས་ཁུར་བཞེས་མྱོང་མཁན་ཇཱག་ལན་ཌི་གོ་གནས་ཕབ་ཀྱང་རྒྱ་ནག་དང་ནོར་ཝེལ་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་དམིགས་གསལ་གྱི་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་ཞེས་རྒྱ་ནག་གཞུང་གིས་ནན་བརྗོད་བྱས་ཡོད་ཅིང་། དེ་ཡང་ཕྱི་ལོ་༢༠༡༠་ལོར་རྒྱ་ནག་གི་ཆབ་སྲིད་ལྟ་སྤྱོད་མི་མཐུན་པ་ལིའུ་ཤའོ་པའོ་ལ་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བར་བརྟེན། རྒྱ་ནག་དང་ནོར་ཝེའི་ཡུལ་གཉིས་ཀྱི་ཕྱི་འབྲེལ་ལ་གནོ་སྐྱོན་བྱུང་ཡོད་པ་རེད།།

XS
SM
MD
LG