ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས།


རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་དེར་ཧོང་ཀོང་གི་མི་མང་ལས་འགུལ་བ་ཚོ་ཁོང་ཁྲོ་ལངས་ཏེ། ཁོ་ཚོས་ཧོང་ཀོང་ལ་ཡོང་བའི་རྒྱ་ནག་སྐམ་ས་ཆེན་མོའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སུན་གཙེར་བྱས་པའི་གནས་ཚུལ་བྱུང་སྟེ། ཁ་སང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་དཔོན་རིགས་ཤིག་གིས་སྐམ་ས་ཆེན་མོ་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཧོང་ཀོང་ས་གནས་གཞུང་གིས་ངེས་པར་དུ་སྲུང་སྐྱོབ་དང་ཆེ་མཐོང་སྤྲོད་དགོས་ཞེས་ནན་བརྗོད་བྱས་འདུག་ཅིང་། རྒྱ་ནག་དམར་ཤོག་གཞུང་གིས་རང་ལ་འདོད་མོས་ཡོད་པའི་སྲིད་ཇུས་ཁག་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་བཙན་འགེལ་བྱེད་ཀྱི་ཡོད་པ་མངའ་ཁུལ་དེའི་མི་མང་ལ་སྣང་ཚོར་ཇེ་ཆེར་སོང་སྟེ། ཧོང་ཀོང་གི་རང་སྲིད་རང་སྐྱོང་དོན་དུ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་ཁུལ་དེ་དང་རྒྱ་ནག་གི་འབྲེལ་སྡུག་ཏུ་འགྲོ་བཞིནཡོད་པ་རེད།།

XS
SM
MD
LG