ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་མི་རི་ཀ་དང་ཧོང་ཀོང་།


རེས་གཟའ་པ་སང་ཉིན་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་ཆེ་ཁ་གཉིས་ཀྱི་འཐུས་མི་འགའ་ཞིག་གིས་གྲོས་ཚོགས་སུ་ཁྲིམས་གཞི་ཞིག་ངོ་སྤྲོད་གནང་སྟེ། ཁྲིམས་གཞི་དེར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་སྲིད་རང་སྐྱོང་གནས་བབ་ལ་བརྩི་འཇོག་དང་། དེ་བཞིན་ཧོང་ཀོང་གི་སྲིད་སྐྱོང་དམངས་གཙོའི་ལམ་ནས་འོས་འདེམས་ཚད་ལྡན་ཞིག་བྱ་རུ་མ་བཅུག་ཚེ། ཨ་མི་རི་ཀས་རྒྱ་ནག་ལ་དམིགས་བསལ་ཚོང་དོན་ཁྲལ་ཆག་གི་ཐོབ་ཐང་སྤྲོད་ཀྱི་ཡོད་པ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG