ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གཞུང་གིས་མེ་འཁོར་འགྲིམ་འགྲུལ་ཡར་རྒྱས།


རྒྱ་གར་གཞུང་གིས་ཨ་སྒོར་ཐེར་འབུམ་༡༣༧་ཙམ་ཞིག་འགྲོ་གྲོན་བཏང་སྟེ་མེ་འཁོར་གྱི་འགྲིམ་འགྲུལ་ཡར་རྒྱས་གཏོང་གི་ཡོད་པ་དང་། རྒྱ་གར་མི་དམངས་ས་ཡ་མང་པོ་ཉིན་ལྟར་མེ་འཁོར་ནང་དུ་འགྲིམ་འགྲུལ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་གར་གཞུང་གིས་རང་ཡུལ་གྱི་མེ་འཁོར་འགྲིམ་འགྲུལ་དེང་དུས་ཅན་དུ་བསྒྱུར་རྒྱུའི་འཆར་གཞི་ཡོད་ཅིང་། རྒྱ་གར་ནི་འཛམ་གླིང་གི་མེ་འཁོར་ལྕགས་ལམ་མང་ཤོས་ཤིག་དང་འགྲིམ་འགྲུལ་བྱེད་མཁན་མང་ཤོས་ཨང་བཞི་པ་ཡིན་རུང་། ད་བར་མེ་འཁོར་འགྲེམ་འགྲུལ་དེང་རབས་ཅན་ལ་ཡར་རྒྱས་གཏོང་ཐུབ་མེད་པ་དང་། ད་ལྟ་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་བརྒྱ་ཆ་༨་ལྷག་འཕར་རྒྱུའི་སྔོན་དཔག་བྱས་ནས་མེ་འཁོར་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུའི་དམིགས་ཚད་བཟུང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG